འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོར་གཞོན་ནུ་གསུམ་ཆ་གཅིག་ལྷག་ཙམ་དྲ་སྦྲེལ་སྤྱོད་མྱོང་མེད་པའི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་25ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་འཁོར་གྱི་སྙན་ཞུ་《2017ལོའི་འཛམ་གླིང་བྱིས་པའི་གནས་ཚུལ་སྙན་ཞུ། གྲངས་འཛིན་གྱི་འཛམ་གླིང་ནང་འཚོ་བའི་བྱིས་པ་》ཞེས་པའི་ནང་འཛམ་གླིང་ཡོངས་སུ་གཞོན་ནུ་དུང་ཕྱུར་3.46ཙམ་དྲ་སྦྲེལ་སྤྱོད་མྱོང་མེད་པ་དེས་གོ་ལ་ཧྲིལ་པོའི་གཞོན་ནུ་མི་འབོར་གྱི་གསུམ་ཆ་གཅིག་ཙམ་བཟུང་ཡོད་ཅེས་བཤད་པ་རེད།
          དེའི་ཁྲོད་ཨ་ཧྥེ་རི་ཁའི་གཞོན་ནུ་60%ཙམ་དྲ་སྦྲེལ་སྤྱོད་མྱོང་མེད་པ་དང་བསྡུར་ཚད་དེ་ཡོ་རོབ་ལ་4%ལས་ཟིན་གྱི་མེད།
          བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་འདི་ལོའི་སྙན་ཞུའི་ནང་། གྲངས་འཛིན་དུས་རབས་ཀྱི་བྱིས་པར་དོ་ཁུར་བྱས་ཡོད། སྙན་ཞུའི་ནང་གྲངས་འཛིན་ལག་རྩལ་དེ་ཉམས་ཞན་བྱིས་པའི་ལས་དབང་འགྱུར་བའི་འགག་རྩར་གྱུར་བ་དང་ཁོང་ཚོར་སློབ་སྦྱོང་དང་སྤྱི་ཚོགས་ཀྱི་འབྲེལ་བ་གསར་པ་དང་བསམ་འཆར་འདོན་པའི་གོ་སྐབས་མཁོ་འདོན་བྱེད་ཀྱི་ཡོད་མོད། འོན་ཀྱང“བྱིས་པ་ས་ཡ་མང་པོ་ཉིན་བཞིན་འབྲེལ་མཐུད་ཀྱི་འཛམ་གླིང་གིས་ཕྱིར་འབུད་བྱེད་བཞིན་ཡོད”ཅེས་འཁོད་ཡོད།
         སྙན་ཞུའི་ནང་ད་དུང་གྲངས་འཛིན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་སྦྲགས་བྱིས་པར་འཕྲད་པའི་དྲ་རྒྱའི་ཉེན་ཁ་ཡང་ཟམ་མི་ཆད་པར་འགྱུར་ལྡོག་འགྲོ་བ་སྟེ། དྲ་རྒྱའི་བརྙས་བཅོས་ནས་མི་སྒེར་གྱི་ཆ་འཕྲིན་གང་བྱུང་དུ་སྤྱོད་པ་དང་དྲ་རྒྱའི་འདོད་ཆགས་མནར་གཅོད་དང་བཤུ་གཞོག་སོགས་བར་ཡིན་པ་བསྟན་པ་རེད།
         སྙན་ཞུའི་ནང་གྲངས་འཛིན་གྱི་འོབས་དོང་ནས་སྤྱི་ཚོགས་ཁ་ཕྲལ་དེ་བས་ཆེ་བ་མངོན་པ་དང་ཡོང་འབབ་ཀྱི་ཆུ་ཚད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག སློབ་གསོ་ཐེབས་ཚད། ཕོ་མོའི་དབྱེ་བ་སོགས་ཚང་མས་གྲངས་འཛིན་ལག་རྩལ་ཐོབ་པ་དང་སྤྱོད་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་བསྟན་ཡོད།
         སྙན་ཞུའི་ནང་ཇི་ལྟར་བྱས་ཏེ་ཁེ་ཕན་ཚད་མཐོ་ཤོས་ཐོབ་པ་དང་དུས་མཚུངས་ཉེན་ཁ་ཡང་ཆུང་ཤོས་སུ་གཏོང་ཐུབ་པ་བྱ་རྒྱུ་དེས་དུས་རབས་གསར་པའི་དྲ་སྦྲེལ་སྤྱོད་མཁན་གྱི་འབྱུང་འགྱུར་གཏན་འཁེལ་ཐུབ་ཀྱི་ཡོད། གྲངས་འཛིན་འཛམ་གླིང་དང་འབྲེལ་བ་ཆད་ན་སློབ་སྦྱོང་དང་། འབྲེལ་གཏུག དུས་རབས་21པར་མཁོ་བའི་རྩལ་ནུས་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་པའི་གོ་སྐབས་ཤོར་བ་མཚོན་གྱི་ཡོད། དེ་བས་འདྲ་མཉམ་ངང་ཐབས་ལམ་དང་རྩལ་ནུས་མཁོ་འདོན་བྱས་ན་མ་གཏོགས་དྲ་སྦྲེལ་དང་འབྲེལ་མཐུད་མི་ཐུབ་པའི་གནད་དོན་དེ་བས་འདྲ་མཉམ་ཡོང་ཐབས་བྲལ་ཡོད་པ་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།