འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཐད་འཕུར་གནམ་གྲུའི་བར་སྣང་ལྟ་སྐོར་གྱི་ལམ་བུ་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཐད་འཕུར་གནམ་གྲུའི་བར་སྣང་ལྟ་སྐོར་གྱི་ལམ་བུ་གཏན་འཁེལ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན། བོད་ལྗོངས་ལྷ་སར་ཐད་འཕུར་གནམ་གྲུའི་བར་སྣང་ལྟ་སྐོར་གྱི་ཐོག་མའི་འཕུར་སྐྱོད་ཚོད་ལྟ་བྱེད་མཁན་བྱུང་བའི་ཐོག་ནས་བོད་ལྗོངས་སུ་ཐད་འཕུར་གནམ་གྲུའི་བར་སྣང་ལྟ་སྐོར་གྱི་ལམ་བུ་ཐོག་མར་གཏན་འཁེལ་བྱུང་བ་མཚོན་ཡོད་པ་མ་ཟད། ད་དུང་གཞན་ལ་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། 
         མཁའ་འགྲུལ་H125"ནགས་བྱི་ཆུང་ངུ"རྟགས་ཅན་ཐད་འཕུར་གནམ་གྲུར་ཐོག་མའི་ཚོད་ལྟ་བྱེད་མཁན་བསྡད་ནས་ལྷ་སའི་སྐྱིད་ཆུའི་འགྲམ་ནས་ལྷ་སའི་སྐྱིད་ཆུའི་ཆུ་གཞུང་རྒྱུད་དེ་མཁའ་དབྱིངས་སུ་འཕུར། སྣེའུ་གྲོང་གསར་ནས་ཤར་ཕྱོགས་རྔ་ཆེན་ཟམ་ཆེན་བར་དུ"8"དབྱིབས་གཟུགས་ཀྱི་མཁའ་ལམ་བར་མཚམས་ཞིག་མངོན། ལམ་བར་དུ་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་གི་རྒྱ་ཕིབས། ལྷ་སའི་སྐྱིད་ཆུའི་མཛེས་ལྗོངས་ལ་གཟིགས་ཆོག་པ་དང་། ཉམས་ལེན་ཚོད་ལྟའི་དུས་ཚོད་སྐར་མ་12ནས་15བར་ཟིན་གྱི་ཡོད་པ་རེད།
    ༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཐད་འཕུར་གནམ་གྲུའི་བར་སྣང་ལྟ་སྐོར་གྱི་ལམ་བུ་གཏན་འཁེལ་བྱས་པ།
    ༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཐད་འཕུར་གནམ་གྲུའི་བར་སྣང་ལྟ་སྐོར་གྱི་ལམ་བུ་གཏན་འཁེལ་བྱས་པ།
    ༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཐད་འཕུར་གནམ་གྲུའི་བར་སྣང་ལྟ་སྐོར་གྱི་ལམ་བུ་གཏན་འཁེལ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།