འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོར་རང་རྒྱལ་གྱིས་སྔ་རྗེས་སུ་ཟླ་བའི་ལྷ་མོ་ཨང་བཞི་པའི་བར་མཐུད་སྲུང་སྐར་
    དང་འཚོལ་ཞིབ་ཡོ་ཆས་འཕེན་གཏོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁྱེད་ཀྱིས་ཟླ་བའི་གོ་ལར་ལན་ཅི་ཞིག་བསྐུར་རྩིས་ཡོད་དམ། ཟླ་བའི་གོ་ལ་འཚོལ་ཞིབ་དང་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་ལྟེ་གནས་ཀྱིས་2017ལོའི་ཟླ་12ཚེས་19ནས་2018ལོའི་ཟླ་3ཚེས་6ཉིན་བར། གོ་ལ་ཧྲིལ་པོའི་དམངས་ཚོགས་ལ་མིང་ངོ་མ་འགོད་པའི་ཐོག་ནས་ལན་འཕྲིན་གྱི་ནང་དོན་འཚོལ་བསྡུ་བྱ་རྒྱུ་དང་། དེའི་ནང་ཞུགས་མཁན་ཡོངས་ཀྱི་རུས་མིང་དང་སྔོན་ལ་བདམས་པའི་ལན་འཕྲིན་གྱི་ནང་དོན་ཁྲི་གཉིས་ཕྱི་ལོ་ཟླ་བའི་ལྷ་མོ་ཨང་བཞི་པའི་བར་མཐུད་སྲུང་སྐར་ཐོག་བླུགས་ནས་མཁའ་དབྱིངས་སུ་འཕུར་ཏེ་ཟླ་བའི་གོ་ལ་འཚོལ་ཞིབ་བྱེད་འགོ་ཚུགས་རྒྱུ་རེད།
         ཀྲུང་གོ་ཟླ་བའི་གོ་ལ་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་ཨང་བཞི་པའི་ལས་འགན་2018ལོར་འཕེན་གཏོང་ཐེངས་གཉིས་བྱེད་རྩིས་ཡོད་པ་དང་། ལོ་སྟོད་དུ་ཟླ་བའི་ལྷ་མོ་ཨང་བཞི་པའི་བར་མཐུད་སྲུང་སྐར་འཕེན་གཏོང་བྱ་རྒྱུ་དང་། ལོ་སྨད་དུ་ཟླ་བའི་ལྷ་མོ་ཨང་བཞི་པའི་འཚོལ་ཞིབ་ཡོ་ཆས་འཕེན་གཏོང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།