འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་སྐུ་ཚབ་ཚོགས་པས་ནེ་པ་ལར་འཚམས་འདྲི་གནང་ནས་ཚོགས་ཆེན་བཅུ་དགུ་པའི་
    དགོངས་དོན་སྒྲོག་འགྲེལ་གནང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གུང་སྐུ་ཚབ་ཚོགས་པས་ནེ་པ་ལར་འཚམས་འདྲི་གནང་ནས་ཚོགས་ཆེན་བཅུ་དགུ་པའི་
དགོངས་དོན་སྒྲོག་འགྲེལ་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ནས་20བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་ལྦང་ལྦེ་ཀོང་གིས་སྣེ་ཁྲིད་གནང་བའི་ཀྲུང་གུང་སྐུ་ཚབ་ཚོགས་པས་ནེ་པ་ལར་འཚམས་འདྲི་གནང་ནས་ནེ་པ་ལའི་སྲིད་གཞུང་གི་སྲིད་འཛིན་དང་། ཚོགས་ཆེན་ཏང་གི་ཀྲུའུ་ཞི་ཏེ་ལྦུའུ་ཕཱ་དང་མཇལ་འཕྲད་གནང་པ་རེད། ཏེ་ལྦུའུ་ཕཱ་ཡིས་ཚོགས་ཆེན་བཅུ་དགུ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་གནང་པ་དང་། རྒྱལ་ཁབ་གཉིས་དང་ཏང་གཉིས་དབར་གྱི་འབྲེལ་བ་མུ་མཐུད་ཇེ་ཟབ་དུ་གཏོང་རྒྱུའི་རེ་བ་ཡོད་ལུགས་བསྟན་པ་རེད།
         ལྦང་ལྦེ་ཀོང་གིས་ནེ་པ་ལའི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་དང་མཇལ་འཕྲད་གནང་བ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་ངོ་སྤྲོད་ཚོགས་འདུར་ཡང་ཞུགས་གནང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཁྱབ་ཆེན་གནང་བ་རེད། ནེ་པ་ལའི་ལས་རིགས་ཁག་གི་འཐུས་མིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པར་འཛམ་གླིང་གི་དོན་སྙིང་ལྡན་པའི་བསྔགས་བརྗོད་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྟོན་འོག  ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་ལེན་ཐུབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་ཡོད་ལུགས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།