འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་རྫོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཐོག་མ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་སུ་རྫོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཐོག་མ་བཙུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་ཀྱི་རྫོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཐོག་མ་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
         ཉིན་དེའི་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཙམ་གྱི་ཐོག གཞིས་ཀ་རྩེ་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་། བསམ་གྲུབ་རྩེ་ཆུས་ཨུ་ལྷན་གྱི་ཧྲུའུ་ཅི་ཡའོ་ཁྲང་ཡུས་དང་། བསམ་གྲུབ་རྩེ་ཆུས་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཞིན་པིན་གཉིས་ཀྱིས་མཉམ་དུ"བསམ་གྲུབ་རྩེ་ཆུས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང"སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད། བསམ་གྲུབ་རྩེ་ཆུས་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་ཆུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཞིན་པིན་བསམ་གྲུབ་རྩེ་ཆུས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་ཐོན་བྱུང་བ་རེད།
         བསམ་གྲུབ་རྩེ་ཆུས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་རྗེས། དེ་སྔོན་གྱི་བསམ་གྲུབ་རྩེ་ཆུས་ཀྱི་ཞིབ་དཔྱོད་ཁང་གི་སངས་རྒྱས་དང་ཡེ་ཤེས་ཚེ་བརྟན་སོགས་བློ་མཐུན་6བསམ་གྲུབ་རྩེ་ཆུས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པར་བསྒྱུར་པ་དང་། དེ་དང་དུས་མཚུངས་སུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་ཨུ་ལྷན་ཕྱོགས་བསྡུས་ཁང་དང་། ཞིབ་གཅོད་ཁང་(ཡིག་སྐུར་ངོ་གཏུག་དང་གྱོད་གཞིར་ལྟ་སྐུལ་དོ་དམ་ཁང་) ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁང་དང་པོ་(སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་ཁང་) སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཁང་གཉིས་པ་(ཞིབ་གཅོད་བརྟག་དཔྱད་ཁང་) ཆ་འཕྲིན་ལྟེ་གནས་བཅས་ནང་འཛུགས་ལས་ཁུངས་6འཕར་འཛུགས་བྱས་ནས་འགན་ནུས་དང་འགན་འཁྲི་སྔར་བས་ཁ་གསལ་ཡོང་བར་བྱས་པ་རེད།
         བསམ་གྲུབ་ཆུས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏུང་ཅིང་གིས་བལྟས་ན། ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་པ་ནི་ལས་སླ་བའི་སྒོ་ནས་ལས་ཁུངས་ཟླ་སྒྲིལ་བྱས་པ་ཞིག་མིན་པར། དེ་ནི་ལས་སྒོ་མཉམ་འདྲེས་ཀྱིས་མཐོར་འདེགས་བཏང་བ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་བ་དང་པོའི་ཟླ་མཇུག་ཏུ། བོད་ལྗོངས་སུ་རང་སྐྱོང་ལྗོངས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ལེགས་འགྲུབ་བྱ་རྒྱུ་རེད།
    ༄༅།།བོད་ལྗོངས་སུ་རྫོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཐོག་མ་བཙུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།