འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱི་དབུལ་སྒྲོལ་ལས་དོན་ལ་ཕན་འབྲས་ལེགས་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་06ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱི་དབུལ་སྒྲོལ་ལས་དོན་ལ་ཕན་འབྲས་ལེགས་པོ་ཐོབ་པ།
          མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་7ཚེས་13ཉིན་ནས་ཚེས་25ཉིན་བར། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྒྲོལ་ཞྭ་ཕུད་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་དང་དཔྱད་དཔོག་ཚོགས་ཆུང་གཉིས་ཀྱི་དཔྱད་དཔོག་དང་དཔྱད་ཞིབ་ལས་ཚད་ལོན་པས། དུས་དེའི་བར་དུ་ཁྲེན་ཀོན་ཆུས་ནི་དབུལ་སྒྲོལ་ཞྭ་ཕུད་རྫོང་ཆུས་རྒྱལ་ཡོངས་ཀྱི་ཁག་གཉིས་པ་དང་བོད་ལྗོངས་ཀྱི་ཁག་དང་པོའི་གྲས་སུ་གྱུར་ཡོད་པ་རེད། དབུལ་སྐྱོར་སྲིད་ཇུས་ཀྱི་ཁེ་ཕན་ཐོབ་མཁན་གྱི་ངོས་ནས་བཤད་ན། ཁྲེང་ཀོན་ཆུས་དོག་སྡེ་ཤང་གི་ལི་གོ་ལིའང་ནི་དེའི་ཁྲོད་ཀྱི་ཡ་གྱལ་ཞིག་རེད། གཟིགས་སྐྱོང་གི་སྲིད་ཇུས་རབ་དང་རིམ་པའི་རོགས་སྐྱོར་འོག སྔོན་མར་དབུལ་ཕོངས་ཡིན་པའི་ལི་གོ་ལིའང་གི་ཁྱིམ་མི་ཚོ་ཡངས་ཤིང་ཁམས་དྭངས་པའི་བདེ་སྡོད་ཁང་པར་སྤོས་ཡོད་པ་དང་། ཆུང་མ་ཟླ་བ་སྒྲོལ་མར་ད་དུང་ལས་ཀ་བརྟན་པོ་ཞིག་ཡོད་པར་གྱུར་པས། དེང་སྐབས་ལི་གོ་ལིའང་ཁྱིམ་ཚང་གཅིག་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་6.4ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།