འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོའུ་སི་ཐོན་འཕུར་མདའ་རུ་ཁག་གིས་ཡུ་ཐཱ་ཅ་ཟི་རུ་ཁག་ཕམ་པར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧོའུ་སི་ཐོན་འཕུར་མདའ་རུ་ཁག་གིས་ཡུ་ཐཱ་ཅ་ཟི་རུ་ཁག་ཕམ་པར་བྱས་པ།
           མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་5ཉིན། 2017—2018ལོའི་འགྲན་དུས་ཀྱི་ཨ་རིའི་སྐྱེས་པའི་གཟེབ་གྲུག་སྤོ་ལོའི་ཆེད་ལས་འགྲན་ཚོགས་(NBA)ཀྱི་རྒྱུན་ལྡན་འགྲན་བསྡུར་དུ། ཧོའུ་སི་ཐོན་འཕུར་མདའ་རུ་ཁག་(Houston Rockets)གིས་རང་གི་འཐབ་ར་ནས་སྐར་འབྲས་137:110ཐོག་ནས་ཡུ་ཐཱ་ཅ་ཟི་རུ་ཁག་(Utah Jazz)ཕམ་པར་བྱས་པས། རེ་ཐེངས་གསུམ་རིང་བསྟུད་མར་རྒྱལ་ཁ་བླངས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་དུ། རུ་མི་ཅཱ་མེ་སི་ཧར་ཏེན་(James Harden)གྱིས་སྐར་མ་56དང་རམ་འདེགས་ཐེངས་13བྱས་ཡོད་པས། སྒེར་གྱི་སྐར་འབྲས་ཐོབ་མཁན་མཐོ་ཤོས་དེ་རེད། འཕུར་མདའ་རུ་ཁག་ཏུ་ཡོད་པའི་ཀྲུང་གོའི་རུ་མི་ཀྲོའུ་ཆིའང་འགྲན་ཐེངས་གསུམ་པོ་ལ་རྗེས་སྣོན་འགྲན་ཞུགས་བྱས་ཡོད་ལ། ད་ཐེངས་ཀྱི་འགྲན་བསྡུར་དུ་སྐར་མ་4དང་གྲུག་པང་1བླངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།