འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་འབད་བརྩོན་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
              ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་སྦྱོང་སློབ་མའི་འཐུས་མི་བཅས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་སྐོར་གྲོས་བསྡུར་འཁྲུག་པོ་བྱས་པ། 
              དུས་རབས་གསར་པར་རྣམ་པ་གསར་པ་དགོས་པ་མ་ཟད། བྱས་རྗེས་གསར་པ་དེ་བས་ཀྱང་འཇོག་དགོས། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བ་དང་། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་ཕྱི་སྦྱོང་སློབ་མར་སྐུལ་མ་ཆེན་པོ་ཐེབས་ཡོད། ཁོང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད།
          གནས་གསལ་པོ་བཟོས་ཚེ་གཞི་ནས་ཁ་ཕྱོགས་འཕྱུགས་མེད་ངང་འཚོལ་ཐུབ་པ་དང་དུས་བབ་སྟངས་འཛིན་ཐུབ་ཚེ་གཞི་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐོབ་ངེས་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་ཆབ་སྲིད་ཀྱི་ཆོད་སྡོམ་གསར་པ་གལ་ཆེན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མཛད་ཇུས་གལ་ཆེན་བཟོ་ཆེད་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མདུན་སྐྱོད་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ཡོད་པས་དོན་དམ་པའི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད།
          ཤར་རྒྱུད་གླིང་ཆེན་ཨ་ཧྥེ་རི་ཁའི་ཀྲུང་གོའི་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཧན་ཅུན་གྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་འབྱུང་འགྱུར་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་མཛད་ཇུས་གལ་ཆེན་དང་བྱ་སྤྱོད་ཀྱི་རྩ་འཛིན་བཏོན་ཡོད་པས་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱ་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་བཤད།
          ཁ་ཕྱོགས་གསལ་སྟོན་དང་དོན་སྙིང་ཟབ་པ།
          དབྱིན་ཇིའི་ཀྲུང་ཧྭ་ཡི་སྲོལ་རྒྱུན་རིག་གནས་ཞིབ་འཇུག་ཁང་གི་དྲུང་ཆེ་ཀྲུའུ་ལེའང་ཝུའེ་ཡིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱིས་མི་སེམས་གཅིག་སྡུད་བྱས་པས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཀྲུང་གོས་དུས་རབས་འདི་གའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།
          སྐུལ་མ་ཆེན་པོ་ཐེབས་པ་དང་འབད་འབུངས་ཆེན་པོས་མདུན་དུ་སྐྱོད།
           དུས་རབས་གསར་པར་བསྐྱོད་པ་དང་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་འགོ་ཚུགས། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་ལ་འོད་ཟེར་ལྡན་པ་ཞིག་ཡོད་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལས་འགན་དཀའ་ཚེགས་ཆེ་ལ་ལམ་ཐག་རིང་བ་ཞིག་ཡོད། དེ་ལས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སློབ་མ་དང་། ཕྱིར་སྡོད་རང་མི། ཕྱི་ཁོངས་ཀྲུང་གོ་བ་སོགས་ལ་སྐུལ་མ་ཆེན་པོ་ཐེབས་ནས་སྟོབས་ཤུགས་ཆེན་པོ་འཕེལ་ཡོད།
          ཧན་གོའི་ཆོན་ཧན་ཀྲུང་གོའི་མཁས་པ་དང་མཁས་དབང་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཀུ་ཏ་མུ་ཡིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“གཞོན་ནུ་དར་ཚེ་རྒྱལ་ཁབ་དར་བ་དང་། གཞོན་ནུ་སྟོབས་དང་ལྡན་ཚེ་རྒྱལ་ཁབ་སྟོབས་འབྱོར་ལྡན”ཞེས་བསྟན་པ་དེས་ང་ཚོ་ཕྱི་རྒྱལ་དུ་ཡོད་པའི་སློབ་མའི“ཆོད་སེམས་སྔར་བས་བརྟན་དུ་དང་ཁ་ཕྱོགས་སྔར་བས་གསལ་པོ་བཟོས་ནས་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུར་འབད་བརྩོན་བྱས་ཏེ་དཔའ་ངར་ཆེན་པོས་དུས་རབས་གསར་པའི་བྱ་གཞག་ནང་ཞུགས་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་བྱས་རྗེས་འཇོག་རྒྱུའི་གྲ་སྒྲིག་བྱ་རྒྱུ་ཡིན”ཞེས་བརྗོད།
         སུའེ་ཙེར་གྱི་གྲོང་ཁྱེར་རེ་ནེ་ཝའི་ཀྲུང་གོའི་སློབ་མ་དང་མཁས་དབང་མཉམ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཤེ་ཐན་ཝུའུ་ཡིས་སུའེ་ཙེར་དུ་ཀྲུང་གོའི་སློབ་མ་དང་མཁས་དབང་གིས་རང་གནས་སའི་རྒྱལ་ཁབ་ཀྱི་སྨན་དང་སྨན་རྫས་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་སྔོན་ཐོན་ཤེས་བྱ་དང་། ལག་རྩལ། ཉམས་མྱོང་བཅས་སློབ་སྦྱོང་ནན་ཏན་བྱས་ནས་ཆེད་ལས་ཐད་ཚད་བརྒལ་ཕྲན་བུ་ཐུབ་པའི་བརྩོན་ལེན་བྱས་ཏེ་མེས་རྒྱལ་དུ་རླབས་ཆེའི་འཐབ་རྩོད་བྱེད་པ་དང་། རླབས་ཆེའི་འདུ་འགོད་སྐྲུན་པ། རླབས་ཆེའི་བྱ་གཞག་ལ་སྐུལ་མ་གཏོང་བ་བཅས་དང་རླབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་སྤྱོད་གོ་ཆོད་པའི་མི་ཞིག་བྱ་རྒྱུ་ཡིན་ཞེས་བརྗོད།
         འཛམ་གླིང་དང་ལག་གདང་སྦྲེལ་ནས་མཉམ་ལས་གཉིས་ཕན་བྱེད་པ།
          སྐབས་གསར་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་ཀྲུང་གོའི་དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་སྐྲུན་དགོས་ཞེས་བཏོན་ཡོད། དེས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞིའི་ལས་དོན་མི་སྣ་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་འཛམ་གླིང་དང་མཉམ་ལས་བྱ་རྒྱུར་སྐུལ་མ་བཏང་ནས་གཉིས་ཕན་ལེའུ་གཏོད་རྒྱུའི་ཡིད་ཆེས་སྔར་བས་ཆེ་རུ་སོང་ཡོད།
           ཀེ་ཀྲོའུ་པ་ཚོགས་པའི་དབྱི་རན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཧུང་པོ་ཡིས་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཐད་བརྗིད་ཆེའི་འཐབ་ཇུས་ཀྱི་འཆར་གཞི་བཏིང་ཡོད་པས་ང་ཚོས་ངེས་པར་དུ་བརྩོན་པ་ཆེན་པོས“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་འཛུགས་སྐྲུན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ཧུར་ཐག་ཁུར་ཏེ་མིའི་རིགས་ཀྱིས་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པའི་རླབས་ཆེན་གྱི་གྲོས་འགོར་སྐུལ་འདེད་ཧུར་ཐག་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བརྗོད།
          ཡུན་ནན་ནུས་རྒྱུ་མ་འཇོག་ཚོགས་པའི་འབར་མའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་མངགས་གཏོང་བྱས་པའི་ལས་གྲྭ་དོ་དམ་པུའི་ཅིང་ལི་དབྱང་པིང་གིས་ཚོགས་པས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་ལེན་བསྟར་བས་རང་ཀོང་གི་གློག་ཤུགས་མི་འདང་བའི་གནས་ཚུལ་ཞི་ལྷོད་དུ་བཏང་ཡོད། ཕྱི་རྒྱལ་དུ་ཡོད་པའི་མཉམ་ལས་ཀྱི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་པའི་ཏང་ཡོན་ཞིག་ཡིན་པའི་ངོས་ནས། གོམ་སྟབས་རྗེས་མར་མུ་མཐུད་ཡིད་ཆེས་བརྟན་པོའི་སྒོ་ནས་ལག་ལེན་བསྟར་ཕོད་པ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།