འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཙན་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་53འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་
    མཚན་ཚོགས་ཙན་པི་ཡར་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན་གྱི་དགོང་མོ་ཀྲུང་ཙན་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་53འཁོར་བའི་རིག་རྩལ་མཚན་ཚོགས་ལུ་ས་ཁ་སྲིད་གཞུང་གི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་གྱི་ཟློས་གར་ཁང་དུ་འཚོགས་ཤིང་། ཙན་པི་ཡ་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་། ཙན་པི་ཡར་བཅའ་སྡོད་ཕྱི་འབྲེལ་གཞུང་ཚབ་ཚོགས་པ། ཀྲུང་གོའི་མ་རྩའི་སྒྲིག་གཞིའི་འཐུས་མི། ཙན་པི་ཡར་ཡོད་པའི་ཕྱིར་སྡོད་སྤུན་ཟླ། ཙན་པི་ཡའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་མི་ཆིག་སྟོང་ལྷག་ཙམ་ལྟད་མོ་ལྟ་བར་སླེབས་ཡོད།
          ཙན་པི་ཡ་ཡུལ་སྐོར་དང་སྒྱུ་རྩལ་པུའུ་ཀྲང་ཁྲའར་སི·པན་ཏས་ཐག་རིང་ནས་ཕེབས་པའི་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་ལ་དགའ་བསུ་ཞུས་པ་དང་ཁོང་གིས་ཙན་ཀྲུང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཙན་པི་ཡ་སྲིད་གཞུང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁྱབ་ཁོངས་ཁག་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མུ་མཐུད་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཙན་ཀྲུང་འབྲེལ་བའི་ལེའུ་གསར་པ་རྩོམ་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།