འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཞིང་ཆེན་དུ་ཟླ་རེར་ཉིན་22རིང་ལས་ཀར་ཞུགས་རྗེས་བསྟུད་མར་ཉིན་8རིང་ངལ་
    གསོ་བརྒྱབ་ཆོག་པའི་ལས་ཀའི་དུས་ཚོད་ཚོད་ལྟ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བ་རེར་ཐེངས་གཅིག་ལ་ངལ་གསོ་ཉིན་8བརྒྱབ་ཆོག་ཀྱང་། ལས་ཀར་བསྟུད་མར་ཉིན་22རིང་ཞུགས་དགོས་པ་རེད། ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་ཆིང་ཀྲེང་གྲོང་ཁྱེར་གྱི་ལས་ཀའི་དུས་ཚོད་སྒྱུར་བཅོས་ཚོད་ལྟའི་ལས་གཞི་ཞིག་ལ་ཚང་མས་དོ་སྣང་ཆེན་པོ་བྱུང་ཡོད་པ་རེད། ས་གནས་དེ་གས་2017ལའི་ཟླ་11ཚེས་1ཉིན་ནས་བཟུང་དང་2018ལོའི་ཟླ་5ཚེས་31ཉིན་བར་ཏེ། ལོ་ཕྱེད་རིང་ལ། གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ལས་གནས་ཁ་ཤས་སུ་ལས་དོན་འདི་ཉིད་ཚོད་ལྟ་བྱས་ནས་ལག་བསྟར་བྱ་རྒྱུ་ཡིན་ཚུལ་བསྒྲགས་པ་རེད། 
           གོང་གསལ་གནས་ཚུལ་དེ་བསྒྲགས་རྗེས། དྲ་གྲོགས་མང་པོ་ཞིག་གིས་གླེང་མོལ་བྱས་ཡོད་པ་རེད། དེར་བརྟེན། ཆིན་ཀྲེང་གྲོང་ཁྱེར་ཨུ་ལྷན་གྱི་རྩ་འཛུགས་པུའུ་ཡིས་ཚོད་ལྟའི་དགོངས་དོན་ནི་ཞབས་ཞུའི"དུས་ཚོད་ཁྱད་པར"སྒྲིག་སྦྱོར་བཟང་པོ་བྱས་པ་ལས་མང་ཚོགས་དང་ལྷག་པར་དུ"ལས་ཞུགས་པ"ཚོ་ལས་ཚོགས་སུ་ཞུགས་པར་བྲེལ་བ་དང་ཞིང་པ་ལས་མི་ཚོ་ཞིང་ལས་ལ་བྲེལ་བའི་དུས་ཚོད་འབྲེལ་བ་ལས་དོན་དག་བསྒྲུབ་མི་ཐུབ་པའི་གནད་དོན་ཐག་གཅོད་བྱ་ཐུབ་ཡོད་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།