མི་དམངས་དྲ་བ།

༄༅།།བོད་རང་སྐྱོང་ལྗོངས་ཏང་ཨུའི་གཞུང་ལས་ཐིང་གིས་《<ཏང་གི་ཚོགས་ཆེན་བཅུ་དགུ་
པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལས་ཀའི་སྐོར་གྱི་ཇུས་གཞི་>ཡི་བརྡ་ཐོ་》
དཔར་འགྲེམས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་
དྲིལ་བསྒྲགས་ལ་གྲུབ་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱེད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཡོངས་ཀྱིས་སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱེད་པར་སྐུལ་སྤེལ་ནུས་ལྡན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དྲིལ་བསྒྲགས་ཡང་དག་པར་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གྱི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་རྒྱུར་སྐུལ་སློང་བྱེད་ཆེད། མིག་སྔར། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིང་གིས་ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་(ཏང་ཙུའུ)ལ་《<ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལས་ཀའི་སྐོར་གྱི་ཇུས་གཞི་>ཡི་བརྡ་ཐོ་》(གཤམ་དུ་《བརྡ་ཐོ་》ཞེས་པར་བསྡུ་རྒྱུ་)དཔར་འགྲེམས་བྱས་པ་རེད།
         《བརྡ་ཐོ་》ཡི་ནང་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་གནད་འགག་ཆེ་བའི་དུས་སུ་བསྐྱོད་པའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཧ་ཅང་ཆེ་བའི་ཚོགས་ཆེན་ཐེངས་ཤིག་ཡིན་པས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་འཁྱོལ་བ་བསྟར་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེ་ཤོས་ཤིག་རེད་ཅེས་བསྟན་པ་རེད།
         《བརྡ་ཐོ་》ཡི་ནང་དུ་ཏང་ཨུ་(ཏང་ཙུའུ་)རིམ་པ་སོ་སོས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་ཀ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། རྐང་བྱེད་མཁན་གྱི་འགན་འཁྲི་ལེགས་འགྲུབ་ཏན་ཏིག་བྱེད་ཅིང་། 《ཇུས་གཞི་》ཡི་བླང་བྱ་གཞིར་འཛིན་ནན་ཏན་བྱས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་གཙོ་གནད་14དང་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱ་ཐབས་གཙོ་བོ་10བཅས་དོན་ཚན་རེ་རེ་བཞིན་བཀོད་སྒྲིག་བྱེད་དགོས་པ་དང་། བླང་བྱ་ཞིབ་ཕྲ་བཏོན་ནས་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་ལེགས་པོ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
         《བརྡ་ཐོ་》ཡི་ནང་དུ་ཏང་ཨུ་(ཏང་ཙུའུ་)རིམ་པ་སོ་སོས་མཚམས་སྦྱོར་དངོས་པོ་སྣ་མང་བེད་སྤྱོད་བྱས་ནས་གཞི་རིམ་དུ་ཟབ་འཇུག་དང་། སྒྲོག་འགྲེལ་གསོན་ཉམས་ལྡན་པ། ཕྱོགས་ཡོངས་སུ་ཁྱབ་པ་བཅས་མཐའ་འཁྱོངས་དང། ཕྱོགས་ཡོངས་ནས་སྤེལ་བ་དང་། ཤུགས་སྣོན་ཇེ་ཆེར་སྤེལ་བ། མཐོ་རླབས་འཕྱུར་བ་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། མང་ཚོགས་ཞུགས་འདོད་ཆེ་བ་དང་། ཞུགས་སྟབས་བདེ་བའི་བྱ་ཐབས་བེད་སྤྱོད་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཞིབ་གསལ་བརྗོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསོན་ཉམས་ལྡན་པར་བརྗོད་པ། ལྗོངས་ཏང་ཨུའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐའ་འཁྱོལ་བ་བསྟར་བའི་ཐབས་ཇུས་བཀོད་སྒྲིག་ཁག་ཞིབ་གསལ་བརྗོད་པ་བཅས་བྱེད་དགོས་པ། རིམ་འབྱེད་ལག་བསྟར་དང་ལས་བགོས་འགན་འཁུར་གྱི་རྩ་དོན་ལ་གཞིགས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་ལེན་མཐའ་འཁྱོལ་བར་བསྟར་ཚུལ་དེ་ཏང་ཨུ་རིམ་པ་སོ་སོའི་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་ལས་དོན་ནང་དུ་བཅུག་ནས་ཏང་ཨུ་(ཏང་ཙུའུ་)ཡི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་བྱེད་རྒྱུའི་གཙོ་གནད་དུ་བཟུང་ནས་ཉམས་མྱོང་ཕྱོགས་བསྡོམས་དང་ཁྱབ་སྤེལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་དོན་ཁག་དོན་ཐོག་དངོས་སུ་འཁྱོལ་བ་དང་གྲུབ་འབྲས་དངོས་སུ་ཐོབ་པ་བྱེད་དགོས་པ་བཅས་ནན་བཤད་བྱས་པ་རེད།