འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཞི་ཁོའི་སའེ་ཝན་ཐི་སི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྐབས་45པ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་29ཉིན་གྱི་དགོང་མོ་མོ་ཞི་ཁོའི་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་གྲགས་ཅན་གྲོང་ཁྱེར་ཀྭ་ན་ཧྭ་ཐོ་རུ་མོ་ཞི་ཁོའི་སའེ་ཝན་ཐི་སི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྐབས་45པ་མཇུག་འགྲིལ་བ་དང་སྒྱུ་རྩལ་དུས་ཆེན་རིང་རིགས་ཁག་གི་བྱེད་སྒོ་དང་འཁྲབ་སྟོན་200ཙམ་བྱས་པ་ལས་ལྟད་མོ་བ་ཚོར་སྒྱུ་རྩལ་གྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།
         དེ་ཉིན་དགོང་མོ་མོ་ཞི་ཁོ་ཀྲོའུ་ཡི་མཉམ་སྒྲོག་རོལ་ཚོགས་དང་མོ་ཞི་ཁོའི་གཞས་པས་མཉམ་དུ་མཇུག་འགྲིལ་འདུ་ཚོགས་ཐོག་འཁྲབ་སྟོན་བྱས་ཤིང་། ཟླ་9ཚེས་7དང་ཚེས་19ཉིན་མོ་ཞི་ཁོར་ས་ཡོམ་ཐེངས་གཉིས་བརྒྱབ་པའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མིར་བརྩི་འཇོག་དང་མྱ་ངན་ཞུ་ཆེད། ཤོག་སྦག་སྤོར་བའི་བྱེད་སྒོ་མེད་པར་བཟོས་པ་རེད།
         མོ་ཞི་ཁོའི“ཀྲུང་གོའི་རིག་གནས་ལོའི”བྱེད་སྒོ་གཙོ་བོའི་གྲས་ཤིག་ཡིན་པའི་ཀྲུང་གོའི་ཀོང་ཏུང་གི་དེང་རབས་ཞབས་བྲོ་ཚོགས་པའི་ཞབས་བྲོ་《སྨྱུག་རྩལ་ངོམས་སྟོན་》ད་ཐེངས་ཀྱི་སྒྱུ་རྩལ་དུས་ཆེན་ལ་འཁྲབ་པ་རེད།
         སྐབས་འདིའི་སྒྱུ་རྩལ་དུས་ཆེན་ཚེས་11ཉིན་འགོ་ཚུགས་ཤིང་། རྒྱལ་ཁབ་དང་ས་ཁུལ་35ཡི་སྒྱུ་རྩལ་པ་2300ལྷག་ཙམ་དེར་ཞུགས་པ་དང་ལྟད་མོ་བ་མི་ཐེངས་ཁྲི་35ཙམ་ཟིན་ཡོད། ཧྥ་རན་སེ་ནི་སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱི་མགྲོན་བདག་རྒྱལ་ཁབ་རེད།
         སི་ཕེན་གྱི་གྲགས་ཅན་རྩོམ་པ་པོ་སའེ་ཝན་ཐི་སིའི་མིང་ལས་བཏགས་པའི་སའེ་ཝན་ཐི་སི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་ནི་ལ་ཏིང་མེ་གླིང་དུ་གཞི་ཁྱོན་ཆེ་ཤོས་ཀྱི་སྒྱུ་རྩལ་དུས་ཆེན་ཡིན་པ་དང་འཛམ་གླིང་ཐོག་མིང་གྲགས་ཧ་ཅང་ཆེན་པོ་ཡོད་ཅིང་། ཀྲུང་གོས་ལོ་ལྟར་སྒྱུ་རྩལ་དུས་ཆེན་དེར་ཞུགས་ནས་ལེ་ཚན་འཁྲབ་སྟོན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།