འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་དམག་གི་ཆི་ཅེ་ཀོང་དམག་གྲུས་དབྱི་ཐ་ལིར་མཛའ་གྲོགས་འཚམས་འདྲི་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ས་གནས་དེའི་དུས་ཚོད་ཚེས་29ཉིན་གྱི་ཆུ་ཚོད་དགུ་པར་ཐག་རིང་རྒྱ་མཚོར་དངོས་སྦྱོང་དང་འཚམས་འདྲིའི་ལས་འགན་སྒྲུབ་མཁན་མཚོ་དམག་གི་ཆི་ཅེ་ཀོང་དམག་གྲུས་དབྱི་ཐ་ལིར་དུས་ཡུན་ཉིན་བཞི་ཡི་མཛའ་གྲོགས་འཚམས་འདྲི་མཇུག་འགྲིལ་ནས་ཐཱ་ལན་ཐོའོ་གྲུ་ཁ་ནས་དལ་གྱིས་འབྲལ་བ་རེད། དབྱི་ཐ་ལིའི་མཚོ་དམག་དམག་གྲུའི་དཔུང་རུ་གཉིས་པའི་སི་ལིང་དམག་དཔོན་པེར་ཀཱ་ཐའོ་དང་དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་རུའེ་ཡུས་དང་། དྲག་དཔོན་ཝང་ཅན་ལེང་། སྨི་ལན་དུ་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་བ་སུང་ཞུའེ་ཧྥང་དང་། གཞུང་ཚབ་ཁང་གི་ལས་དོན་མི་སྣ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་སྦྱོང་སློབ་མ་བཅས་ཀྱི་འཐུས་མི་ཁྱོན་མི་100ཙམ་གྱིས་གྲུ་ཁར་ཕེབས་སྐྱེལ་ཞུས་པ་རེད།
         འཚམས་འདྲི་གནང་རིང་ཀྲུང་གོ་དང་དབྱི་ཐ་ལིའི་མཚོ་དམག་གི་དཔོན་དམག་ཚོས་སྣ་མང་ཕུན་སུམ་ཚོགས་པའི་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། ཀྲུང་གོའི་དཔོན་དམག་ཚོས་དབྱི་ཐ་ལིའི་མཚོ་དམག་སྦྱོང་བརྡར་ལྟེ་གནས་དང་། དབྱི་ཐ་ལིའི་མཚོ་དམག་གི་ཧྲེ་ཀོན་དམག་མིའི་སློབ་གྲྭ་དང“ཕན་ཉི”རྟགས་ཅན་གྱི་འཕུར་མདེལ་མཐར་སྐྲོད་དམག་གྲུ་བཅས་ལ་ལྟ་སྐོར་བྱས་པ་དང་ཆབས་ཅིག་ཀྲུང་གོ་དང་དབྱི་ཐ་ལིའི་མཚོ་དམག་གིས་ད་དུང་ལུས་རྩལ་འགྲན་བསྡུར་དང་བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་སྒོ་སྤེལ་བར་བརྟེན་ཕན་ཚུན་དབར་གྱི་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།