འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཧེར་སིན་ཁི་གནམ་ཐང་གིས་ཀྲུང་གོའི་འགྲུལ་པར་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན། ཀྲུང་གོ་ནས་ཧྥིན་ལན་དུ་སྐྱོད་མཁན་ཡུལ་སྐོར་བ་མང་དུ་འགྲོ་བ་དང་སྦྲགས། ཧེར་སིན་ཁི་གནམ་ཐང་གིས་ཀྲུང་གོའི་འགྲུལ་པར་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་བ་དང་ཉེ་བའི་ལོ་གཅིག་ནང་ཀྲུང་གོའི་འཛད་སྤྱོད་པར་དམིགས་ནས་ཞབས་ཞུའི་རྣམ་གྲངས་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།
         ཧྥིན་ལན་གནམ་ཐང་ཚོགས་པའི་མཐོ་རིམ་སྤྱི་ཁྱབ་་གཞོན་པ་ཤིས་པེ་ལིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཧེར་སིན་ཁི་གནམ་ཐང་གིས་ཀྲུང་གོའི་འགྲུལ་པའི་དགོས་མཁོར་དམིགས་ནས་ཞབས་འདེགས་ཞུ་ཐབས་རབ་དང་རིམ་པ་བཏོན་པ་སྟེ། རྒྱ་ཡིག་གི་མཚོན་རྟགས་བྱང་བུ་དང་། རྒྱ་ཡིག་གི་ཞབས་ཞུའི་སྟེགས་བུ། རྒྱ་ཡིག་གི་ས་བཀྲ། ཆུ་ཁོལ་མཁོ་འདོན་བྱེད་ས་སོགས་མང་དུ་བཏང་ཡོད། གཞན་ཡང་གནམ་ཐང་གི་ཚོང་ཁང་དང་ཟ་ཁང་ཚང་མས་དངུལ་ཁང་མཉམ་འབྲེལ་གྱི་གཏོང་སྤྲོད་ལ་རྒྱབ་སྐྱོར་བྱེད་པ་དང་ཚོང་པ་ཁག་གཅིག་གིས་ད་དུང་གཏོང་སྤྲོད་འབོའི་ཞབས་ཞུ་མཁོ་འདོན་བྱས་ཡོད།
         ཧེར་སིན་ཁི་གནམ་ཐང་ནི་ཀྲུང་གོའི་འགྲུལ་པ་ཡོ་རོབ་ཏུ་འཕུར་སྐྱོད་བྱེད་པའི་གལ་ཆེའི་སྒོ་མོ་ལྟ་བུ་རེད། མིག་སྔར་ཧྥིན་ལན་མཁའ་འགྲུལ་ཀུང་སིས་ཧེར་སིན་ཁི་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲུང་ཆིང་། ཤིས་ཨན། ཤང་ཀང་བཅས་ཀྲུང་གོའི་གྲོང་ཁྱེར་6དབར་ཐད་གཏོང་ལས་སྒོ་གཉེར་ཞིང་། ཧེར་སིན་ཁི་གནམ་ཐང་རྒྱལ་སྤྱིའི་མཁའ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་དང་《གནམ་ཐང་འཛམ་གླིང་》སོགས་དབང་གྲགས་ལྡན་པའི་སྒྲིག་གཞི་དང་དུས་དེབ་ཀྱིས་གོ་ལ་ཧྲིལ་པོའི་གནམ་ཐང་ཡག་ཤོས་སམ་ཡང་ན་ཡོ་རོབ་ཀྱི་གནམ་ཐང་ཡག་ཤོས་སུ་ཐེངས་མང་བདམས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།