འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བརྩམས་ཆོས་ལ་འཇར་མན་གྱི་ཚེག་དམར་བརྒྱུད་བསྒྲགས་ཇུས་འགོད་བྱ་དགའ་
    ཆེ་མོ་རག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན། པེར་ལིན་དུ་འཇར་མན་གྱི་ཚེག་དམར་ཇུས་འགོད་བྱ་དགའི་བརྒྱུད་བསྒྲགས་ཇུས་འགོད་བྱ་དགའ་སྤྲད་ཅིང་། ཀྲུང་གོའི་བརྒྱུད་སྤེལ་ཇུས་འགོད་རྣམ་གྲངས་ལ་ཚེག་དམར་བརྒྱུད་བསྒྲགས་ཇུས་འགོད་བྱ་དགའ་ཆེ་མོའི“ཇུས་འགོད་ཡག་ཤོས་ཀྱི་བྱ་དགའ”རག་ཡོད།
         1955ལོར་བཙུགས་པའི་ཚེག་དམར་ཇུས་འགོད་བྱ་དགའ་ནི་འཛམ་གླིང་གི་ཇུས་འགོད་འགྲན་བསྡུར་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། འཇར་མན་གྱི་བྱང་ལའེ་དབྱིན-ཝུའེ་སེ་ཐི་ཧྥ་ལུན་ཇུས་འགོད་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་པ་དང་། འཛམ་གླིང་གི་དབང་གྲགས་ཆེ་ཤོས་ལྡན་པའི་ཇུས་འགོད་འགྲན་བསྡུར་བྱ་དགའ་ཡིན་པ་ཀུན་གྱིས་ཁས་ལེན་བྱེད་ཀྱི་ཡོད་ལ། “རྒྱལ་སྤྱིའི་ཇུས་འགོད་ལས་རིགས་ཀྱི་ཨའོ་སེ་ཁ”ཞེས་ཀྱང་འབོད་ཀྱི་ཡོད།
         ཚེས་29ཉིན་ནས་བཟུང་། པེར་ལིན་འཕྲིན་གཏོང་རྟེན་རྫས་བཤམས་མཛོད་ཁང་གིས་ཚེག་དམར་བརྒྱུད་བསྒྲགས་ཇུས་འགོད་བྱ་དགའ་ཆེ་མོའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཁག་གཅིག་འགྲེམས་སྟོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།