འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ནུབ་བྱང་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་དུང་འཁྱིལ་ཕུག་ལམ་དང་པོ་བདེ་
    བླག་ངང་ཏལ་འབིགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན། རང་རྒྱལ་ནུབ་བྱང་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་དུང་འཁྱིལ་ཕུག་ལམ་དང་པོ་ཨོ་རོང་ལུང་ཤུར་གྱི་ཕུག་ལམ་ཨང་དང་པོ་ཤར་གཏོང་ཐུབ་པ་ལས་མྱུར་བགྲོད་གཞུང་ལམ་དུང་འཁྱིལ་ཕུག་ལམ་གྱི་ཨར་པོའི་ལག་རྩལ་རང་རྒྱལ་གྱི་མཐོ་གྲང་དང་ས་བབ་མཐོ་བའི་ས་ཁུལ་དུ་ཐོག་མར་བདེ་བླག་ངང་སྤྱོད་ཐུབ་པ་མཚོན་ཡོད།
         ཨོ་རོང་ལུང་ཤུར་གྱི་ཕུག་ལམ་དང་པོ་དེ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་འབྲེལ་མཚམས་ཀྱི་ཏ་ལི་ཅ་རི་རྒྱུད་ཨོ་རོང་ལུང་ཤུར་དུམ་བུར་གནས་པ་དང་དེའི་སྤྱིའི་རིང་ཚད་སྨི་2620ཡོད། ས་བབ་སྨི་3100ཙམ་དུ་ཨར་པོ་ རྒྱག་པ་དེ་ནི་འཁོར་རྒྱུག་ཆེ་མོའི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་གཙོ་གནད་དཀའ་གནད་དང་ཚོད་འཛིན་བྱེད་དཀའ་བའི་ལས་གྲྭའི་གྲས་ཤིག་ཡིན་ཞིང་། ལས་གྲྭ་དེ་2014ལོའི་ཟླ་བརྒྱད་པར་སྐྲུན་འགོ་ཚུགས་པ་རེད།
         ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་དང་ཟམ་པའི་ལག་རྩལ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ཨོ་རོང་ལུང་ཤུར་གྱི་ཕུག་ལམ་དང་པོའི་ས་བབ་མཐོ་དམན་ཆེ་བ་དང་རོང་ས་མང་ལ་དོག་ཅིང་རིང་བས་རྒྱུན་གཏན་གྱི་གཞུང་ལམ་གཞིར་བཟུང་འཛུགས་སྐྲུན་བྱ་ཐབས་བྲལ་ཡོད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཁོར་རྒྱུག་ཆེ་མོའི་མྱུར་བགྲོད་གཞུང་ལམ་ནི་མཚོ་སྔོན་ཞིང་ཆེན་ཡ་རྫའི་ས་ལར་རིགས་རང་སྐྱོང་རྫོང་དང་ཞིང་ཆེན་ཕྱི་རོལ་གྱི་གཞུང་ལམ་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་རེད། མྱུར་བགྲོད་གཞུང་ལམ་བསྐྲུན་རྗེས་ས་གནས་དེ་གའི་མང་ཚོགས་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པ་མ་ཟད། མཚོ་སྔོན་ཡ་རྫི་ནས་ཀན་སུའུ་ཀ་ཆུ་དབར་གྱི་དུས་ཚོད་དེ་སྔའི་ཆུ་ཚོད་3ནས་ད་ལྟའི་ཆུ་ཚོད་1བར་ཐུང་དུ་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།