འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོང་དོན་པུས་ཕྱོགས་མང་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ཀྱི་སྒོ་འབྱེད་པའི་རྣམ་པ་གསར་
    པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་མཐོ་རིམ་གླེང་སྟེགས་ཐོག་ཚོང་དོན་པུས་ཕྱོགས་མང་ནས་འགོ་བཙུགས་པ་དང་འབྲེལ་བ་ཆེན་པོ་ལྔ་ཐག་གཅོད་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ཀྱི་སྒོ་འབྱེད་པའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
         མཐོ་རིམ་གླེང་སྟེགས་ཀྱིས་ཚོང་དོན་པུས་དེ་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚོང་དོན་པུས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཕྱོགས་ཡོངས་ཀྱི་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད། ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པར་འབྲེལ་བ་ཆེན་པོ་ལྔ་ཐག་གཅོད་ཡག་པོ་བྱེད་དགོས་པ་སྟེ།
         གཅིག་ནི་ནང་འདྲེན་དང་ཕྱིར་སྐྱོད་ཀྱི་འབྲེལ་བ་ཡིན་ཞིང་། ནང་འདྲེན་དང་ཕྱིར་སྐྱོད་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་དངུལ་བེད་སྤྱོད་ཧུར་ཐག་དང་རྒྱལ་ཁབ་ཕྱིའི་སྔོན་ཐོན་ལག་རྩལ་དང་། དོ་དམ་ཉམས་མྱོང་། གཉེར་སྐྱོང་བསམ་གཞིག་བཅས་ནང་འདྲེན་བྱས་ཏེ་ཕྱི་དངུལ་སྤྱོད་པའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་དང་སྦྲགས། ཁེ་ལས་བརྟན་པོའི་ངང“ཕྱིར་བསྐྱོད་རྒྱུར”རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ་གཙོ་གཉེར་རྒྱལ་ཁབ་དང་ཐུན་མོང་ཐོག་འཕེལ་རྒྱས་ཐུབ་པ་བྱེད་དགོས།
         གཉིས་ནི་མཚོ་རྒྱུད་སྒོ་འབྱེད་དང་སྐམ་སའི་མཐའ་མཚམས་སྒོ་འབྱེད་ཀྱི་འབྲེལ་བ་ཡིན་ཞིང་། མཚོ་རྒྱུད་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཆབས་ཅིག ནུབ་རྒྱུད་སྒོ་མོ་འབྱེད་ཚད་ཆེ་རུ་བཏང་ནས་དབུས་ནུབ་རྒྱུད་དང་མཐའ་མཚམས་ས་ཁུལ་སྒོ་འབྱེད་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་བཏང་སྟེ་སྒོ་འབྱེད་ཀྱི་མཐོ་ས་གསར་པར་འགྱུར་བ་དང་སྐམ་ས་དང་མཚོ་རྒྱུད་གཉིས་ཕན་ཚུན་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས་ཀྱི་སྒོ་འབྱེད་རྣམ་པ་ཆགས་པར་བྱས་ཏེ་ཁུལ་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས།
         གསུམ་ནི་བཟོ་སྐྲུན་ལས་རིགས་སྒོ་འབྱེད་དང་ཞབས་ཞུའི་ལས་རིགས་སོགས་དེ་མིན་ཁྱབ་ཁོངས་སྒོ་འབྱེད་ཀྱི་འབྲེལ་བ་ཡིན་ཞིང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་སྒོ་འབྱེད་ཅུང་སྔ་ཞིང་ཁྱབ་ཁོངས་ཡངས་པོ་ཡོད་པ་དང་། ཞབས་ཞུའི་ལས་རིགས་སྒོ་འབྱེད་བལྟོས་བཅས་ཀྱིས་རྗེས་ལུས་རེད། དེར་བརྟེན་བཟོ་སྐྲུན་ལས་རིགས་སྔར་བས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་དུས་མཚུངས། ཞབས་ཞུའི་ལས་རིགས་ཀྱི་ཕྱི་ཕྱོགས་ཀྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས།
        བཞི་ནི་དངོས་ཟོག་ཉོ་ཚོང་རྒྱ་སྐྱེད་དང་དེ་མིན་ཉོ་ཚོང་རོགས་ཟླའི་ཐུན་མོང་འཕེལ་རྒྱས་ཀྱི་འབྲེལ་བ་ཡིན་ཞིང་། ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་ཡོངས་དང་དོ་སྙོམས་འཕེལ་རྒྱས་བརྒྱུད། ཉོ་ཚོང་སྟོབས་ཆེའི་རྒྱལ་ཁབ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་རང་རྒྱལ་དང་ཉོ་ཚོང་རོགས་ཟླ་ཁག་དེ་བས་ལེགས་པའི་སྒོ་ནས་སྒོ་མོ་འབྱེད་རྒྱུ་སྐུལ་འདེད་གཏོང་བར་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྒྲིག་གཞི་དང་དར་རྒྱས་ཀྱི་དཔལ་འབྱོར་སྒྲིག་གཞི་ཚུད་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས།
         ལྔ་ནི་ཚོད་ལྟ་བྱ་ཡུལ་དང་ཚོད་ལྟ་དང་ཕྱོགས་ཡོངས་ཁྱབ་གདལ་གྱི་འབྲེལ་བ་ཡིན་ཞིང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་ཚོད་ལྟ་བྱ་ཡུལ་དང་ཚོད་ལྟའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་རང་མོས་ཉོ་ཚོང་གྲུ་ཁ་འཚོལ་ཞིབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་རྨང་གཞིའི་ཐོག་འཐུས་སྒོ་ཚང་བ་དང་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་འོས་འཚམ་བཏང་སྟེ་ཚོད་ལྟ་བྱ་ཡུལ་དང་ཚོད་ལྟའི་སྒོ་འབྱེད་ཀྱིས་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱུར་སྐུལ་ཁྲིད་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།