འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་ཆུ་འགོའི་ས་ཁུལ་དུ་རྩ་ཆེའི་སྲོག་ཆགས་གསའ་ཡང་ཡང་ཐོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན། གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་20ཉིན་བར་དོ་དམ་ཁྲུའུ་དེས་བཙུགས་པའི་གསའ་ལྟ་ཞིབ་ཚད་ལེན་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྫོང་ཁོངས་ནས་སྔ་རྗེས་སུ་གསའ་10པར་བརྒྱབ་ཡོད།
         ཆུ་དམར་ལེབ་དོ་དམ་ཁྲུའུ་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱི་ཅུས་ཀྲང་དགའ་ཐར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གསའ་ལ་རྒྱུས་མངའ་ལོན་ཤུགས་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཅུས་དེས་ཟླ་9ཚེས་20ཉིན་འབྲོག་པ་60ལས་གྲུབ་པའི་གསའ་ལྟ་ཞིབ་ཚད་ལེན་རུ་ཁག་བཙུགས་ཏེ་གསའ་གཟིག་ལྟ་ཞིབ་ཚད་ལེན་བྱ་ཡུལ་5བཙུགས་ནས་ཆུ་དམར་ལེབ་འབྲི་ཆུ་རྒྱུག་ཁུལ་དུ་གསའ་ཡི་རྗེས་ཤུལ་འཚོལ་འགོ་བཙུགས་པ་རེད།
        རྗེས་ཤུལ་འཚོལ་དཀའ་བས་གསའ་ལ་སྐབས་ཤིག་རིང་རང་བྱུང་ལྟ་ཞིབ་པ་དང་པར་རྒྱག་རྒྱུར་དགའ་པོ་བྱེད་མཁན་ཚོས“རྣམ་ཤེས་ཀྱི་ཞི་མི”ཞེས་བརྗོད་ཀྱི་ཡོད། དགའ་ཐར་གྱིས“ཟླ་བ་གཅིག་ལྷག་ཙམ་རིང་ང་ཚོས་དམར་ཕྱིའི་པར་ཆས་5དང་རུ་མི་ཚོས་འཚོལ་ཞིབ་བྱས་པ་ལས་སྔ་རྗེས་སུ་གསའ་10མཐོང་བ་ལས་3དམར་ཕྱིའི་པར་ཆས་ཀྱིས་པར་བླངས་པ་དང་7རུ་མི་ཚོས་ལག་ཐོགས་ཁ་པར་རམ་ཡང་ན་པར་ཆས་ཀྱིས་པར་བླངས་པ་ཞིག་རེད”ཅེས་བཤད།
         དགའ་ཐར་གྱིས“ཟླ་བ་གཅིག་ཙམ་རིང་གི་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་གསའ་ཆུ་དམར་ལེབ་རྫོང་གི་མངའ་ཁོངས་འབྲི་ཆུའི་ཆུ་འགོའི་ས་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད་པ་གསལ་བཤད་ཐུབ་པ་དང་གྲུབ་འབྲས་དེ་ལས་སྔར་བས་འཚོལ་ཞིབ་བྱེད་པའི་ང་ཚོའི་ཡིད་ཆེས་ཀྱང་འཕེལ་སོང”ཞེས་བཤད།
         གསའ་གཙོ་བོ་མཚོ་བོད་ས་མཐོ་དང་ཕ་སྨིར་ས་མཐོའི་ས་བབ་སྨི་3500ཡན་གྱི་ས་ཁུལ་དུ་ཁྱབ་ཡོད་པ་དང་ཟླ་9ཚེས་14ཉིན་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་གསའ་འཚོ་གནས་ཀྱི་གནས་ཚུལ་དེ“སྟོངས་ལ་ཉེ་བ”ནས“སྟོངས་སླ་བར”བསྒྱུར་བ་ལས་སྲོག་ཆགས་དེ་རིགས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་སྐྱེ་འཕེལ་བྱས་པ་2500ལས་བརྒལ་བ་གསལ་བཤད་ཐུབ་པ་དང་འདས་ཟིན་པའི་ལོ་16གི་རིང་སྲོག་ཆགས་ཀྱི་རིགས་དེ་རིགས་ཉུང་དུ་འགྲོ་བའི་གྲངས་འབོར་རིགས་ཚོགས་ཧྲིལ་པོའི་20%ལས་དམའ་བ་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། སྣོད་བཅུད་ལེགས་སུ་འགྲོ་བ་དང་། སྲུང་སྐྱོང་ལ་སྤྱི་ཚོགས་ཞུགས་ཚད་མཐོ་རུ་འགྲོ་བ་དང་བསྟུན་ནས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་གསའ་ཡི་རིགས་ཁྱུ་བརྟན་པོའི་ངང་འཕེལ་བཞིན་ཡོད་པ་རེད། གོ་ལ་ཧྲིལ་པོའི་གསའ་ཡི་དབུ་ཚོགས་སྐབས་གཉིས་ཙམ་རིང་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་ཀྱི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འཛམ་གླིང་གི་གསའ་ཁྱབ་མང་ཤོས་དང་ཁྱུ་ཚོགས་ཀྱི་གྲངས་ཚད་འཕེལ་མགྱོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་ཀུན་གྱིས་ཁས་ལེན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།