འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྐུ་བླ་རི་བོའི་སྟོན་ཉམས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐུ་བླ་རི་བོའི་སྟོན་ཉམས།
           མི་དམངས་དྲ་བའི་འཕྲིན། སྟོན་ཟླ་ར་བའི་སྐུ་བླ་རི་བོར་ནགས་ཀྱིས་ཁེབས་ནས་གནམ་སྔོ་སྤྲིན་དཀར་དང་། གངས་རི། ཚོན་མདོག་སྣ་མང་གི་ནགས་ཚལ་ཕན་ཚུན་འགྲན་པ་ལྟར་དུ་སྣང་།
          སྐུ་བླ་རི་བོ་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་བཙན་ལྷ་རྫོང་དང་ཝུན་ཁྲོན་རྫོང་གི་འབྲེལ་མཚམས་སུ་གནས་པ་དང་སྐུ་བླ་རི་བོ་དང་། ཟམ་གཉིས་ལུང་པ། ཁྲང་ཕིང་ལུང་པ། མཚོ་ལྷ་ལུང་པ་བཅས“ལུང་པ་གསུམ་དང་རི་བོ་གཅིག”གིས་གྲུབ་པ་དང་། སྐུ་བླ་རི་བོའི་རི་རྩེ་མཐོ་ཤོས་ལ་ས་བབ་སྨི་6250ཟིན་པས། “ཧྲུའུ་ཧྲན་རི་བོའི་རྗེས་ཀྱི་ཨང་གཉིས་པ”དང“ཤར་ཕྱོགས་ཀྱི་ཨའར་པེ་སི་རི་བོ”ཞེས་གྲགས། སྐུ་བླ་རི་བོ་དང་། ཝ་ལུང་། གྱ་གྱུ་རི་བོ་སོགས་མཉམ་དུ་དོམ་ཁྲ་འཚོ་སྡོད་བྱེད་སར་བརྩིས་ནས་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད།
    ༄༅།།སྐུ་བླ་རི་བོའི་སྟོན་ཉམས།
      

    ཕྱོགས་བསྡུས་གསར་འགྱུར།