འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཧྥི་ལི་ཕིན་ལ་མཱ་ལ་ཝུའེ་བསྐྱར་སྐྲུན་གྱི་ལས་གྲྭའི་འཕྲུལ་ཆས་ཞལ་འདེབས་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའོ་ཅན་ཧྭ་ཡིས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ཏེ་ཧྥི་ལི་ཕིན་ལ་ཧྥི་ལི་ཕིན་གྱི་ལྷོ་རྒྱུད་གྲོང་ཁྱེར་མཱ་ལ་ཝུའེ་ཡི་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་རོགས་སྐྱོར་བྱེད་པའི་ལས་གྲྭའི་འཕྲུལ་ཆས་རྩིས་སྤྲད་ཡོད། ལས་གྲྭའི་འཕྲུལ་ཆས་དེ་དག་ཟླ་10ཚེས་9ཉིན་ཧྥི་ལི་ཕིན་གྱི་མེན་ལན་ལའོ་གླིང་ཕྲན་གྱི་དབྱི་ལི་ཀན་གྲོང་ཁྱེར་ལ་དབོར་ཟིན་པ་རེད།
           ཧྥི་ལི་ཕིན་གྱི་སྤྱི་པའི་ལས་གྲྭ་དང་གཞུང་ལམ་པུའི་པུའུ་ཀྲང་ཝུའེ་ལ་ཡིས་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་གཏམ་བཤད་སྤེལ་ཏེ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་འཇུངས་པ་མེད་པའི་རོགས་སྐྱོར་གྱིས་མཱ་ལ་ཝུའེ་བསྐྱར་སྐྲུན་ལས་ཀར་རོགས་རམ་ཆེན་པོ་ཐུབ་ཡོད་པས། ཧྥི་ལི་ཕིན་ཕྱོགས་ཀྱིས་གཏན་ནས་བརྗེད་མི་སྲིད་ཅེས་བཤད་པ་རེད།
           ཀྲའོ་ཅན་ཧྭ་ཡིས་ཤིས་ཚིག་གསུངས་སྐབས་ད་རེས་ཀྲུང་གོས་ཧྥི་ལི་ཕིན་ལ་འཕྲུལ་ཆས་ཆེ་གྲས་47རོགས་སྐྱོར་བྱས་པ་ནི་མཱ་ལ་ཝུའེ་ཡི་འཇིགས་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྗེས་ཧྥི་ལི་ཕིན་ལ་རག་པའི་བསྐྱར་སྐྲུན་ལས་གྲྭའི་འཕྲུལ་ཆས་ཁག་དང་པོ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེའར་ཐེའི་འགོ་ཁྲིད་འོག་མཱ་ལ་ཝུའེ་སླར་ཡང་དར་རྒྱས་གོང་འཕེལ་ཡོང་ངེས་ཡིན་པར་ཡིད་ཆེས་ཡོད། བརྒྱུད་རིམ་གལ་ཆེན་དེའི་ཁྲོད་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཧྥི་ལི་ཕིན་གྱི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་དང་རོགས་ཟླ་རེད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།