འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི“ཧྲོའར·ཀྲུང་གོའི་ཉིན་མོའི”བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 2017ལོའི“ཧྲོའར·ཀྲུང་གོའི་ཉིན་མོའི”བྱེད་སྒོ་ཚེས་22ཉིན་ཧན་གོའི་ཧྲོའར་ཐང་ཆེན་དུ་ཕུན་སུམ་ཚོགས་པོའི་ངང་གཉེར་ཞིང་། ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆིའུ་གོ་ཧུང་དང་ཧྲོའར་གྲོང་ཁྱེར་གྱི་ཧྲི་ཀྲང་ཕིའོ་ཡོན་ཁྲུན་རྣམ་གཉིས་བྱེད་སྒོར་ཕེབས་པ་དང་སྦྲགས་ཤིས་ཚིག་ཀྱང་གནང་བ་རེད།
           ཆིའུ་གོ་ཧུང་གིས་ཤིས་ཚིག་གནང་སྐབས། “ཧྲོའར·ཀྲུང་གོའི་ཉིན་མོའི”བྱེད་སྒོ་སྤེལ་བ་ལས་ཧན་གོའི་མང་ཚོགས་ཀྱིས་ཀྲུང་གོར་སྔར་བས་ཤེས་རྟོགས་དང་སྔར་བས་བསམ་ཤེས་ཐུབ་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་པོའི་མང་ཚོགས་དབར་གྱི་མཛའ་བརྩེ་ཡང་སྔར་བས་ཟབ་ཏུ་ཕྱིན་ནས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་ཐུབ། ཀྲུང་ཧན་རྒྱལ་ཁབ་གཉིས་ནི་གལ་ཆེའི་ཁྱིམ་མཚེས་ཡིན་པ་མ་ཟད། ད་དུང་ལག་གདང་སྦྲེལ་ནས་མཉམ་དུ་ཨེ་ཤེ་ཡ་དར་འཕེལ་དང་། ས་ཁུལ་ཞི་མཐུན་དང་འཛམ་གླིང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་རོགས་ཟླ་ཡང་ཡིན། 2017ལོ་ནི་ཀྲུང་ཧན་དབར་འབྲེལ་བ་བཙུགས་ནས་ལོ་25འཁོར་བའི་ལོ་ཡིན་པས། “ཧྲོའར·ཀྲུང་གོའི་ཉིན་མོའི”བྱེད་སྒོ་འདིས་རྒྱལ་ཁབ་གཉིས་མཉམ་དུ་དར་རྒྱས་འགྲོ་རྒྱུ་དང་། ཀྲུང་ཧན་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེན་པོ་འབུལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
          ཕིའོ་ཡོན་ཁྲུན་གྱིས་དང་ཐོག་རྒྱ་སྐད་ཀྱི་ཐོག་ནས་སྐུ་མགྲོན་དང་ལྟད་མོ་བ་ཚོར་འཚམས་འདྲི་ཞུས་པ་དང་སྦྲགས་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་གཉེར་བར་རྟེན་འབྲེལ་ཡང་ཞུས་པ་རེད།
          ཧྲོའར་ཐང་ཆེན་དུ་《ཀྲུང་གོའི་པར་རིས་འགྲེམས་སྟོན་》དང་《ཀྲུང་ཧན་རིག་གནས་སྤེལ་རེས་ཀྱི་པར་རིས་འགྲེམས་སྟོན་》སོགས་གཉེར་ནས་ཀྲུང་ཧན་རིག་གནས་སྤེལ་རེས་ཀྱི་འཕེལ་རིམ་ལ་ཕྱིར་ལྟ་བྱས་པ་དང་། རིག་གནས་མྱོང་རོལ་འགྲེམས་ཁང་ནང་དུ། བརྒྱངས་དཀྲོལ་རོལ་ཆ་དཀྲོལ་བ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་གྱོན་པ། ཀྲུང་གོའི་ཡིག་གཟུགས་འབྲི་བ་སོགས་ཀྱི་བྱེད་སྒོས་ཧན་གོའི་མང་ཚོགས་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ཡོད་པ་རེད།
          གཞན་ཡང་། སྐབས་འདིའི“ཧྲོའར·ཀྲུང་གོའི་ཉིན་མོའི”བྱེད་སྒོའི་ཐོག་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་ཐཱན་ཉུང་འཚོ་བ་འདུ་ཤེས་སུ་བྱས་པའི་མཉམ་སྤྱོད་རྐང་འཁོར་བཞོན་པའི་དྲིལ་བསྒྲགས་བྱེད་སྒོ་ཡང་ཆེད་དུ་བཀོད་སྒྲིག་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།