འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཚན་རྩལ་ཡིག་སྒྱུར་འགྲན་བསྡུར་ཆེ་མོས་ཀྲུང་བྷེའི"རྒྱུད་གཅིག་ལམ་གཅིག"གི་མཉམ་
    ལས་ལ་རམ་འདེགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་གཉིས་ཀྱི“རྒྱུད་གཅིག་ལམ་གཅིག”གི་ཀྲུང་བྷེའི་བཟོ་ལས་གླིང་རྒྱལ་སྤྱིའི་ཚན་རྩལ་ཡིག་སྒྱུར་འགྲན་བསྡུར་ཆེ་མོ་དང་སྐབས་གསུམ་པའི་གཞོན་ནུའི་ཚན་རྩལ་ཡིག་སྒྱུར་འགྲན་བསྡུར་ཚེས་22ཉིན་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེར་འགོ་ཚུགས་ཤིང་། ཀྲུང་ཕྱིའི་བདམས་ཐོན་པས་འགྲན་བསྡུར་ནང་རང་ཉིད་ཀྱི་རྒྱ་ཡིག་དང་ཨུ་རུ་སུའི་སྐད་ཡིག་ཕན་ཚུན་སྒྱུར་བའི་འཇོན་ཐང་ངོམ་རེས་བྱེད་ཀྱི་ཡོད་པ་རེད།
           ད་ཐེངས་ཀྱི་འགྲན་བསྡུར་དེ་བྷེ་ཨུ་རུ་སུ་གཞུང་བཙུགས་ལག་རྩལ་སློབ་ཆེན་ཚན་རྩལ་ཁུང་ཙི་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་ཀྲུང་བྷེའི་བཟོ་ལས་གླིང་གསར་སྤེལ་ཀུང་སིའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། འགྲན་བསྡུར་བྱེད་དོན་ནི་བདམས་ཐོན་པ་ཚོའི་རྒྱ་ཡིག་དང་ཨུ་རུ་སུའི་སྐད་ཡིག་ཕན་ཚུན་སྒྱུར་བའི་ཆུ་ཚད་མཐོ་རུ་བཏང་སྟེ་ཀྲུང་གོ་དང་བྷེ་ཨུ་རུ་སུའི“རྒྱུད་གཅིག་ལམ་གཅིག”མཉམ་ལས་ལ་ཤུགས་སྣོན་དང་ལྷག་པར་དུ་ཀྲུང་བྷེའི་བཟོ་ལས་གླིང་གི་འཕེལ་རྒྱས་ལ་ཡིག་སྒྱུར་ཤེས་ལྡན་མི་སྣ་འདེམས་ཆེད་རེད། འགྲན་བསྡུར་ནང་ཀྲུང་གོ་དང་། བྷེ་ཨུ་རུ་སུ། ཨུ་རུ་སུ། ཡུག་རེན་བཅས་རྒྱལ་ཁབ་4ཡི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དང་། ན་གཞོན་དགེ་རྒན། ཆེད་ལས་ཡིག་སྒྱུར་མི་སྣ་སོགས་བདམས་ཐོན་པ་50ལྷག་ཙམ་ཞུགས་ཡོད་པ་རེད།
           དེ་ནི་བྷེ་ཨུ་རུ་སུ་གཞུང་བཙུགས་ལག་རྩལ་སློབ་ཆེན་ཚན་རྩལ་ཁུང་ཙི་སློབ་གླིང་གིས་ཀྲུང་གོའི་རྒྱལ་ཁབ་རྒྱ་ཡིག་གཞུང་དོན་ཁང་གི་རྒྱབ་སྐྱོར་འོག་གཉེར་བའི་ཚན་རྩལ་ཡིག་སྒྱུར་འགྲན་བསྡུར་ཐེངས་གསུམ་པ་དེ་རེད། འཛམ་གླིང་ཐོག་གི་ཚན་རྩལ་རྣམ་པའི་ཁུང་ཙི་སློབ་གླིང་ཨང་དང་པོ་ཡིན་པའི་སློབ་གླིང་གི་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ལིའུ་ཡུས་དབྱིང་གིས་ཚན་རྩལ་ཡིག་སྒྱུར་འགྲན་བསྡུར་ལོ་3སྤེལ་རིང་འགྲན་ཞུགས་བདམས་ཐོན་པ་ཟམ་མི་ཆད་པར་མང་དུ་སོང་ཡོད་ལ་ཡིག་སྒྱུར་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད། བདམས་ཐོན་པ་ཚོས་འགྲན་བསྡུར་བརྒྱུད་ཡིག་སྒྱུར་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་བྷེ་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་དཔལ་འབྱོར་ཚོང་དོན་གྱི་ཚན་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་རང་ཉིད་ཀྱིས་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།