འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་རྒྱ་ཆེའི་ཚོགས་འདུ་སྐབས་བཞི་པ་འཚོགས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་24ཉིན་གྱི་སྔ་དྲོར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་རྒྱ་ཆེའི་ཚོགས་འདུ་དེ་ཧྥི་ལི་ཕིན་གྱི་གྲོང་ཁྱེར་ཁ་ལ་ཁེར་འཚོགས་ཤིང་། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཁྲང་དབན་ཆོན་གྱིས་ཨེ་ཤེ་ ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་མོལ་རོགས་ཟླའི་རྒྱལ་ཁབ་གཞན་བདུན་གྱི་འགོག་སྲུང་ལས་དོན་སྡེ་ཚན་གྱི་འགོ་ཁྲིད་པ་དང་མཉམ་དུ་ཚོགས་འདུར་ཞུགས་ཡོད།
          ཁྲང་དབན་ཆོན་གྱིས་རྒྱལ་ཁབ་ཁག་གིས་མཉམ་སྐྲུན་དང་། མཉམ་སྤྱོད། གཉིས་ཕན་བཅས་ཀྱི་བདེ་འཇགས་མཉམ་ལས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཕན་ཚུན་སྐད་ཆ་ཤོད་རེས་དང་གྲོས་མོལ། ཉེན་གཡོལ་དང་ཉེན་ཁར་དོ་དམ་ཚོད་འཛིན་བྱས་པ་བརྒྱུད་འོས་འཚམ་ངང་རྩོད་གཞི་ཡོད་པ་དང་གླེང་མང་ལ་ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་བྱེད་པ་དང་། ཀྲུང་གོའི་དམག་དཔུང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རྒྱལ་ཁབ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་དཔུང་སྡེའི་དབར་མཛའ་གྲོགས་སྤེལ་རེས་དང་དངོས་སྒྲུབ་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ནས་ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་ཆེན་པོ་ཡོང་བ་བྱས་ཏེ་ས་ཁུལ་གྱི་ཕྱོགས་མང་པོའི་བདེ་འཇགས་ཐད་ཀྱི་གྲོས་མོལ་མཉམ་ལས་ཀྱི་ལམ་སྲོལ་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་། ཐུན་མོང་ཐོག་ས་ཁུལ་དང་མཐའ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱས་ནས་མཉམ་དུ་དར་རྒྱས་ཕུན་སུན་ཚོགས་པོ་ཡོང་བའི་ཀྲུང་གོ་ཕྱོགས་ཀྱི་འདོད་ཚུལ་བཤད་པ་རེད།
          ཚོགས་ཆེན་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧྥི་ལི་ཕིན་གྱི་རྒྱལ་སྲུང་པུའུ་ཀྲང་ལུའོ་ལུན་ཀྲ་ནས་གཙོ་སྐྱོང་བྱས་ཤིང་། རྒྱལ་ཁབ་ཁག་གི་འགོག་སྲུང་སྡེ་ཚན་གྱི་འགོ་ཁྲིད་སོ་སོས་ཚོགས་འདུའི་ཐོག་ས་ཁུལ་གྱི་བདེ་འཇགས་དུས་བབ་དང་མཉམ་དུ་དོ་ཁུར་བྱེད་པའི་གནད་དོན་ཐད་གཏམ་བཤད་བྱས་པ་དང་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེའར་ཐེས་མཉམ་དུ་ཚོགས་འདུར་ཕེབས་མཁན་རྒྱལ་ཁབ་སོ་སོའི་རྒྱལ་སྲུང་པུའུ་ཀྲང་དང་ཐུག་འཕྲད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།