འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཕུལ་བྱུང་སྒྱུ་རྩལ་སློབ་མའི་སྤེལ་རེས་ཚོགས་པས་ཆི་ལིར་འཁྲབ་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། “ཀྲུང་གོའི་རིག་གནས་ཀྱི་དགའ་ཚལ་ཆེ་མོ་——ཕུལ་བྱུང་སྒྱུ་རྩལ་སློབ་མའི་སྤེལ་རེས་ཚོགས་པས”ཆི་ལིའི་རྒྱལ་ས་སན་ཐེ་ཨན་ཀོར་འཁྲབ་སྟོན་བྱས་ཤིང་། དྲག་རྩལ་དང་། ཟློས་གར། མི་རིགས་གླུ་གར། རོལ་དབྱངས། རྩལ་རྩེད་སོགས་འཁྲབ་སྟོན་བྱས་ནས་ས་གནས་དེ་གའི་ཀྲུང་གོ་བ་དང་ཆི་ལིའི་མང་ཚོགས་ཚོར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཉམས་སུ་མྱོང་དུ་བཅུག་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་རིག་གནས་སིའི་སི་ཀྲང་ལེ་ཀྲེན་ཀང་གིས་ཤིས་ཚིག་གསུངས་སྐབས། སྐད་ཡིག་ནི་མི་རིགས་ཤིག་གི་ཁྱད་ཆོས་དང་རིག་གནས་ནི་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་ཡིན། ཕྱིར་སྡོད་རང་མི་རྒྱུད་པའི་གཞོན་ནུ་ལོ་ཆུང་རྣམས་ནི་དམིགས་བསལ་གྱི་ཚོགས་སྤྱི་ཆེན་པོ་ཞིག་ཡིན་པས། ཁོང་ཚོས་ཀྲུང་གོའི་སྐད་ཡིག་སྦྱོང་བ་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱ་རྒྱུར་རོགས་རམ་བྱ་རྒྱུ་ནི་ཀྲུང་གོ་སྲིད་གཞུང་གིས་དོ་ཁུར་ཆེན་པོ་བྱེད་པའི་བྱ་གཞག་ཅིག་ཡིན། ད་རེས་སྤེལ་རེས་ཚོགས་པ་ཆི་ལིར་ཡོང་དོན་ནི་ཕྱིར་སྡོད་ཀྲུང་གོ་བའི་རྒྱུད་པའི་གཞོན་ནུ་ལོ་ཆུང་རྣམས་ལ་ཀྲུང་གོའི་རིག་གནས་ཕྱོགས་ཡོངས་ནས་ཤེས་རྟོགས་དང་མྱོང་རོལ་བྱེད་དུ་འཇུག་པ་དང་ཆབས་ཅིག་ཕ་ཡུལ་གྱི་འཚམས་འདྲི་ཞུ་ཆེད་ཡིན་ཞེས་བརྗོད་པ་རེད།
          སྤེལ་རེས་ཚོགས་པའི་འཁྲབ་སྟོན་པ་ཚོའི་ཆ་སྙོམས་ལོ་ཚད་ལོ་15ལས་མིན་ཡང་། འཁྲབ་རྩལ་ངོ་མཚར་ཆེ་བ་ཡོད་པས་འཁྲབ་སྟོན་བྱས་པར་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་པ་རེད། “ཧྲའོ་ལིན་བཙུན་ཆུང”བཞིས《ལོ་ཆུང་ཀྲུང་གོ》ཞེས་པའི་དྲག་རྩལ་འཁྲབ་སྟོན་བྱས་པར་དགའ་བསུ་ཆེན་པོ་ཐོབ་པ་དང་། རྩལ་རྩེད《འཁྱགས་ཐོག་གི་པ་ལེ་ཞབས་བྲོ》ཞེས་པས་ད་ཐེངས་ཀྱི་འཁྲབ་སྟོན་དེར་མཐོ་རླབས་འཕྱུར་བར་བྱས་པ་རེད།
          “ཀྲུང་ཧྭའི་རིག་གནས་ཀྱི་དགའ་ཚལ་ཆེ་མོ”ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་གིས“ཀྲུང་གོའི་རྩ་བ་འཚོལ་བའི་འགྲུལ་བཞུད”ཅེས་པའི་བྱེད་སྒོ་སྤེལ་རྗེས་བཏོན་པའི་ཕྱིར་སྡོད་རང་མི་རྒྱུད་པའི་གཞོན་ནུ་ལོ་ཆུང་ཚོར་ཀྲུང་གོའི་རིག་གནས་ཤེས་རྟོགས་བྱེད་དུ་འཇུག་པའི་སྤུས་རྟགས་བྱེད་སྒོ་གཞན་ཞིག་ཡིན་པ་རེད། བྱེད་སྒོ་དེས་ཕྱིར་སྡོད་རང་མི་རྒྱུད་པའི་གཞོན་ནུ་ལོ་ཆུང་ཚོའི་ཁྱད་ཆོས་དང་དགོས་མཁོར་དམིགས་ནས། རྒྱལ་ནང་གི་ཕུལ་བྱུང་དགེ་རྒན་ཕྱི་རྒྱལ་དུ་མངགས་ནས་ཀྲུང་ཧྭའི་རིག་གནས་ཀྱི་དབྱར་སྒར་བྱེད་སྒོ་སྤེལ་དུ་བཅུག་པ་དང་། རྒྱའི་སྐད་ཡིག་དང་། ཀྲུང་ཧྭའི་དྲག་རྩལ། མི་རིགས་ཀྱི་རོལ་དབྱངས་དང་ཞབས་བྲོ། ཀྲུང་གོའི་ཡིག་གཟུགས། རི་མོ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པ་བརྒྱུད་དབྱར་སྒར་ནང་ཞུགས་མཁན་རྣམས་ཀྱི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་ཐུབ་ཚད་མཐོ་རུ་བཏང་ནས། ཀྲུང་ཕྱིའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་བ་དང་། དེའི་རྨང་གཞིའི་ཐོག“ཀྲུང་ཧྭའི་རིག་གནས་ཀྱི་དགའ་ཚལ་ཆེ་མོའི”དབྱར་སྒར་ནང་ཞུགས་མཁན་རྣམས་ཀྱི་བླང་བྱ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་དོན་ཁང་གིས“ཕུལ་བྱུང་སྒྱུ་རྩལ་སློབ་མའི་སྤེལ་རེས་ཚོགས་པ”སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཕྱི་རྒྱལ་དུ་སྤེལ་རེས་འཁྲབ་སྟོན་བྱེད་པར་མངགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།