འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར་ཁྲི་3ལས་ཐེངས་
    དང་པོ་བརྒལ་བ།

    GDPནང་བཟུང་བའི་བསྡུར་གྲངས་ལོ་ལྔ་བསྟུད་མར་4%ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་སློབ་གསོ་པུའུ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས། ནོར་སྲིད་པུའུ་བཅས་ཀྱིས་2016ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་འགྲོ་གྲོན་ལག་བསྟར་གནས་ཚུལ་གྱི་བསྡོམས་རྩིས་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཤིང་། སྤྱི་བསྒྲགས་ནང་2016ལོར་རྒྱལ་ཡོངས་ཀྱི་སློབ་གསོའི་འགྲོ་གྲོན་ཐད་སྒོར་དུང་ཕྱུར་38888.39བཏང་བ་དེ་ལོ་གོང་མའི་སྒོར་དུང་ཕྱུར་36129.19ལས་7.64%འཕར་བ་དང་རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར་31396.25ཟིན་ནས་སྒོར་དུང་ཕྱུར་ཁྲི་3ལས་ཐེངས་དང་པོ་བརྒལ་བ་དང་ན་ནིང་གི་སྒོར་དུང་ཕྱུར་29221.45ལས་7.44%འཕར་བ་དེས་GDPགི་བསྡུར་གྲངས་ནང་ནས་4.22%བཟུང་བ་མངོན་ཡོད། འདི་ནི་2012ལོར་4%ལས་ཐེངས་དང་པོ་བརྒལ་བ་ནས་བཟུང་ལོ་ལྔ་བསྟུད་མར་4%ཡན་རྒྱུན་འཁྱོངས་ཐུབ་པ་དང་4%ཡི་གྲུབ་འབྲས་སྔར་བས་བརྟན་དུ་བཏང་ཡོད། རྒྱལ་ཡོངས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་སློབ་གསོའི་འགྲོ་གྲོན་གྱིས་སྤྱི་པའི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་187755.21ནང་བཟུང་བའི་བསྡུར་གྲངས་ནི་14.75%ཡིན་པས་ན་ནིང་གི་14.70%ལས་བརྒྱ་ཆའི་གྲངས་0.05འཕར་ཡོད།
         བསྡོམས་རྩིས་ཀྱི་སྤྱི་བསྒྲགས་ལ་གཞིགས་ན། 2016ལོར་རྒྱལ་ཡོངས་ཀྱི་སློབ་ཆུང་དཀྱུས་མ་དང་། དམའ་རིམ་སློབ་འབྲིང་དཀྱུས་མ། མཐོ་རིམ་སློབ་འབྲིང་དཀྱུས་མ། འབྲིང་རིམ་ལས་རིགས་སློབ་གྲྭ མཐོ་རིམ་སློབ་གྲྭ་དཀྱུས་མ་བཅས་ཀྱི་སློབ་མ་རེའི་ཆ་སྙོམས་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་སློབ་གསོའི་གྲོན་དངུལ་འགྲོ་སོང་འཕར་ཚད་8.14%དང་། 10.83% 13.81% 11.56% 3.33%བཅས་སོ་སོར་ཟིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་སློབ་ཆུང་དཀྱུས་མ་དང་། དམའ་རིམ་སློབ་འབྲིང་དཀྱུས་མ། མཐོ་རིམ་སློབ་འབྲིང་དཀྱུས་མ། འབྲིང་རིམ་ལས་རིགས་སློབ་གྲྭ མཐོ་རིམ་སློབ་གྲྭ་དཀྱུས་མ་བཅས་ཀྱི་སློབ་མ་རེའི་ཆ་སྙོམས་ནོར་སྲིད་སྔོན་རྩིས་ཀྱི་གཞུང་སྤྱོད་གྲོན་དངུལ་འགྲོ་སོང་འཕར་ཚད་7.25%དང་། 5.98% 9.41% 9.93% -2.57%བཅས་སོ་སོར་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།