འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་ཡོངས་ཀྱི་ས་ཆར་བརྟག་དཔྱད་ཐེངས་གསུམ་པ་བྱ་རྒྱུའི་
    སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མཚན་རྟགས་བཀོད་ནས་ཆོག་མཆན་གནང་བ་བརྒྱུད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་ས་ཆར་བརྟག་དཔྱད་ཐེངས་གསུམ་པ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》(གཤམ་དུ་《བརྡ་ཐོ་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་2017ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ས་ཆར་བརྟག་དཔྱད་ཐེངས་གསུམ་པ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
         《བརྡ་ཐོའི་》ནང་བརྟག་དཔྱད་དེ་གྲུབ་ཟིན་པའི་2019ལོའི་ཟླ་12ཚེས་31ཉིན་གྱི་ཚད་ལྡན་དུས་ཚོད་གཞིར་འཛིན་པའི་རྒྱལ་ཡོངས་ཀྱི་ས་ཆ་སྤྱོད་ཚུལ་གྱི་གྲངས་གཞི་དམིགས་ཚད་དུ་བྱེད་དགོས་པ་དང་། ཞིབ་ཕྲའི་བཀོད་སྒྲིག་ནི་2017ལོའི་དུས་ཚིགས་བཞི་པར་གྲ་སྒྲིག་ལས་དོན་སྤེལ་དགོས་པ་དང་། 2018ལོའི་ཟླ་དང་པོ་ནས་2019ལོའི་ཟླ་དྲུག་པ་བར་ལས་ཡུལ་དངོས་སུ་བརྟག་དཔྱད་དང་གྲངས་གཞིའི་མཛོད་བསྐྲུན་པའི་སྒྲིག་འཛུགས་བྱེད་དགོས་པ། 2019ལོའི་ལོ་སྨད་དུ་བརྟག་དཔྱད་ཀྱི་གྲུབ་འབྲས་ལེགས་སྒྲིག་དང་། གྲངས་གཞི་གསར་བརྗེས། གྲུབ་འབྲས་གོང་ཕུལ་ལེགས་གྲུབ་བྱས་ནས་བརྟག་དཔྱད་ཀྱི་གཞི་རྩའི་གྲངས་གཞི་གཅིག་སྡུད་བྱེད་དགོས་པ། 2020ལོར་བརྟག་དཔྱད་ཀྱི་གྲངས་གཞི་ཕྱོགས་བསྡུས་བྱས་ནས་བརྟག་དཔྱད་ལས་དོན་གྱི་ཞིབ་བཤེར་རྩིས་ལེན་དང་གྲུབ་འབྲས་ཁྱབ་བསྒྲགས་སོགས་ཀྱི་ལས་དོན་ལེགས་གྲུབ་བྱེད་དགོས་པ་བཅས་ནན་བཤད་བྱས་ཡོད།
         《བརྡ་ཐོའི་》ནང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“རྒྱལ་ཡོངས་ཀྱི་གཅིག་གྱུར་འགོ་ཁྲིད་དང་སྡེ་ཚན་གྱི་ལས་འགན་ཁག་བགོས་དང་མཉམ་ལས། ས་གནས་ཀྱི་རིམ་དབྱེའི་འགན་འཁུར། ཕྱོགས་ཁག་མཉམ་དུ་ཞུགས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། རྒྱལ་ཡོངས་ཀྱི་ས་ཆར་བརྟག་དཔྱད་ཐེངས་གསུམ་པ་བྱ་རྒྱུའི་སྒྲིག་འཛུགས་ལག་བསྟར་བྱེད་དགོས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ས་ཆར་བརྟག་དཔྱད་ཐེངས་གསུམ་པ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་བརྟག་དཔྱད་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་འགན་འཁུར་འགོ་ཁྲིད་དང་མཐུན་སྦྱོར་ཐག་གཅོད་བྱ་རྒྱུའི་གཏན་འཁེལ་བྱེད་དགོས་པ། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་བབ་མཐུན་གྱི་བརྟག་དཔྱད་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་གཞུང་ལས་ཁང་བཙུགས་ནས་ས་ཁུལ་དེ་རང་གི་བརྟག་དཔྱད་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུའི་འགན་འཁུར་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།