འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ནོར་སྲིད་པུས་བདག་དབང་བུན་འཛིན་ཨ་སྒོར་དུང་ཕྱུར་20འགྲེམས་སྤེལ་བྱེད་
    འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་25ཉིན་གྱི་ཕྱི་དྲོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནོར་སྲིད་པུས་ཤང་ཀང་དུ་མ་འཇོག་པའི་འོས་སྦྱོར་ཚོགས་འདུ་འཚོགས་ཏེ་བདག་དབང་བུན་འཛིན་ཨ་སྒོར་དུང་ཕྱུར་20འགྲེམས་སྤེལ་བྱེད་འགོ་བཙུགས་པ་རེད།
         འོས་སྦྱོར་ཚོགས་འདུའི་ཐོག་ནོར་སྲིད་པུའི་དངུལ་རྩ་སིའི་སི་ཀྲང་ཝང་དབྱི་ཡིས་ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་གྱི་འཕེལ་ཕྱོགས་བཟང་པོ་དང་། དགེ་མཚན་ལྡན་ལ་ནུས་པ་ལྡན་པའི་ནོར་སྲིད་སྲིད་ཇུས། དངུལ་ལོར་དངུལ་རྩའི་ཁོར་ཡུག་ཡག་པོ། སྒྱུར་བཅོས་གསར་གཏོད་ཀྱི་དངུལ་རྩའི་ཁྲོམ་ར། གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བའི་སྒྲིག་སྲོལ་ལེགས་ཆ། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་སོགས་མཐོང་ཟུར་ནས་ད་ཐེངས་ཀྲུང་གོ་སྲིད་གཞུང་གིས་བདག་དབང་བུན་འཛིན་འགྲེམས་སྤེལ་བྱེད་འགོ་བཙུགས་པའི་རྒྱབ་ལྗོངས་དང་དེ་བཞིན་མ་འཇོག་གི་མདུན་ལྗོངས་གོ་རིམ་ལྡན་པའི་ངང་ངོ་སྤྲོད་གནང་བ་དང་འབྲེལ་ས་གནས་ས་ཐོག་དང་དྲ་ཐོག་གི་མ་འཇོག་པས་བཏོན་པའི་དྲི་བར་ལན་ཡང་བསྐྱོན་པ་རེད། ཝང་དབྱི་ཡིས་ལོ་13སོང་རྗེས་ཀྲུང་གོ་སྲིད་གཞུང་ངོགས་བྲལ་ཁྲོམ་རར་བསྐྱར་དུ་ཞུགས་ནས་བདག་དབང་བུན་འཛིན་འགྲེམས་སྤེལ་བྱེད་འགོ་བཙུགས་པ་ནི་རྒྱལ་སྤྱིའི་མ་འཇོག་པས་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་ཡག་ཤོས་ཤིག་ཡིན། རྒྱ་ཆེའི་མ་འཇོག་པ་ཚོ་ཀྲུང་གོར་གཟིགས་པར་ཕེབས་རྒྱུ་དང་ཀྲུང་གོར་མ་རྩ་འཇོག་པར་ཕེབས་རྒྱུར་དེ་བས་ཀྱང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཤང་ཀང་ནོར་སྲིད་སིའི་སི་ཀྲང་སྐུ་ཞབས་ཁྲེན་མའོ་པོ་འོས་སྦྱོར་ངོ་སྤྲོད་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་། ཁོང་གིས་ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་དུ་ཨ་སྒོར་གྱི་བདག་དབང་བུན་འཛིན་འགྲེམས་སྤེལ་བྱས་པར་ཤང་ཀང་དམིགས་བསལ་ཁུལ་སྲིད་གཞུང་གིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན། ད་ཆ་མི་སུ་ཞིག་གིས་ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་དུ་འགྲེམས་སྤེལ་བྱས་པའི་མི་དམངས་ཤོག་སྒོར་གྱི་རྒྱལ་བུན་ཉོ་བའམ་ཡང་ན་བརྗེ་རེས་ཐད་བསྡུ་བའི་སྐྱེད་ཀའམ་ཡང་ན་ཁེ་སྤོགས་ཚང་མར་ཁེ་སྤོགས་ཐོབ་ཁྲལ་ཆག་ཡང་གཏོང་རྒྱུ་རེད། དམིགས་བསལ་ཁུལ་སྲིད་གཞུང་གིས་ཁེ་སྤོགས་ཐོབ་ཁྲལ་ཆག་ཡང་གཏོང་བའི་ཁྱབ་རྒྱར་མགྱོགས་མྱུར་ཞིབ་འཇུག་བྱས་ཏེ་ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་དུ་འགྲེམས་སྤེལ་བྱས་པའི་མི་དམངས་ཤོག་སྒོར་མིན་པའི(ཨ་སྒོར་ཚུད་པ)རྒྱལ་བུན་ཚུད་པར་བརྟེན་ཤང་ཀང་འདི་ཉིད་ཀྲུང་དབྱང་སྲིད་གཞུང་གིས་བདག་དབང་བུན་འཛིན་འགྲེམས་སྤེལ་བྱ་ཡུལ་གྱི་ལས་སྟེགས་སུ་གྱུར་ཡོད། ཤང་ཀང་དངུལ་རྩ་དོ་དམ་ཅུས་ཀྱི་ཙུང་ཚའེ་ཁྲེན་ཏེ་ལིན་དང་དེ་བཞིན་བྲིན་ཚོང་གི་འཐུས་མི་དང་སྒྲིག་གཞིའི་མ་འཇོག་མཁན་བརྒྱ་ལྷག་ཙམ་འོས་སྦྱོར་ཚོགས་འདུར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།