འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་སློབ་ཀྱི་དགེ་སློབ་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་
    པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ལ་རྒྱལ་ཡོངས་མཐོ་སློབ་ཀྱི་རྒྱ་ཆེའི་དགེ་སློབ་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་ཚང་མས་སྙན་སྒྲོན་དེ་ནི་མཐོ་གཟིགས་འོག་བསྐྱངས་དང་། དགོངས་པ་གཏིང་ཟབ་པ། དོན་སྙིང་ཟབ་མོ་ལྡན་པ་བཅས་ཞིག་ཡིན་ལ། ང་ཚོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་མཛུབ་ཁྲིད་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔ་བལྟས་ཕྱི་བསམ་རང་བཞིན་བཅས་ལྡན་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་པེ་ཅིང་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལིའུ་དབྱི་ཡིས་སྤྱི་ཁྱབ་ཧྲུའུ་ཅིས་ལོ་ལྔའི་རིང་ཐོབ་པའི་ཕྱོགས་ཡོངས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། འཕྲད་པའི་གནད་དོན་དང་འགྲན་སློང་གསལ་པོ་སྟོན་གནང་བ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཁབ་འཕེལ་རྒྱས་དེ་བས་ཡག་པོ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
         ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཁྲིམས་རིག་པ་སློབ་གླིང་གི་2016ལོའི་དངོས་གཞིའི་ཚན་ཁག་གི་སློབ་མ་ཝང་ཅིང་ཝུའེ་ཡིས་སློབ་མ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་བྱེད་ཀྱི་འདུག ཁྲིམས་རིག་པ་ཆེད་ལས་ཀྱི་སློབ་མ་ཞིག་ཡིན་པའི་ངོས་ནས་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་སྒྲོན་ནང་བཏོན་གནང་བའི་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྲིད་ཁྲིམས་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱེད་པར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         པེ་ཅིང་སྐད་ཡིག་སློབ་ཆེན་ཕྱི་རྒྱལ་སྐད་ཡིག་རིག་གནས་ཚན་ཁག་གི་2015ལོའི་དབྱིན་ཡིག་ཆེད་ལས་དངོས་གཞིའི་ཚན་ཁག་གི་སློབ་མ་ལུའུ་ཧའོ་ཁུན་གྱིས་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཨེ་ཤེ་ཡ་དང་གོ་ལ་ཧྲིལ་པོར་ཀྲུང་གོའི་འགོ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་སྣེ་ཁྲིད་པར་གྱུར་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། དེ་ནི་ཀྲུང་གོའི་ཕྱི་འབྲེལ་ལས་དོན་གྱི་འཕེལ་རྒྱས་ཆེན་པོ་ཞིག་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།