མི་དམངས་དྲ་བ།

༄༅།།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་འབད་བརྩོན་བྱས་ནས་རླབས་ཆེན་
གྱི་དམིགས་ཚད་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱེད།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་27ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         —— གཞི་རིམ་དུ་བཅའ་སྡོད་བྱ་ཡུལ་ནས་སྤེལ་བའི་གནས་ཚུལ།
         ཟླ་10ཚེས་24ཉིན་འཇིག་རྟེན་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བ་རེད།
     “དེ་ནི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོ་ངེས་པ། དར་ཆ་མཐོན་པོར་སྒྲེང་བ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་ང་ཚོར་སྐུལ་མ་གཏིང་ཟབ་ཐེབས་བྱུང”ཞེས་ཝུའུ་ཧན་གྱི་ཏུང་ཧུའུ་རྒྱལ་ཁབ་རང་བརྟེན་ལས་ལམ་གསར་གཏོད་དཔེ་སྟོན་ཁུལ་དང་ལག་རྩལ་གསར་པ་གསར་སྤེལ་ཁུལ་གྱི་འགག་སྒོའི་ཕྱོགས་བསྡུས་ལས་སྒོ་ཁོའི་ཁོའོ་ཀྲང་ཉི་ལན་ཐའོ་དང་ལས་རོགས་ཚོས་སྒོ་ཁྲལ་སྙན་ཞུ་ཐིང་གི་བརྙན་ཤེལ་ཆེན་པོ་ནས་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བའི་གནས་ཚུལ་བལྟས་རྗེས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བརྗོད་པ་དང་ཡང་ཁོང་ཚོས“ང་ཚོས་ངེས་པར་དུ་སྙིང་སྟོབས་ཆེར་སྐྱེད་དང་ངར་ཤུགས་འཕེལ་བཞིན་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཞིབ་ཕྲའི་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན”ཞེས་བཤད།
         ཁྱད་ཆོས་གསར་པ་སྟངས་འཛིན་གྱིས་མི་རྣམས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ།
     “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཚུན་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་ཡོད”ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྡར་གཅོད་གལ་ཆེན་ཞིག་ཡིན་པ་དེས་དུས་རབས་གསར་པར་འཕེལ་རྒྱས་འཆར་འགོད་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ་ཞིག་རེད།
         “མའེ་ཅི་གྲོང་རྡལ་ལ་ལོ་འདི་དག་ནང་ཐོབ་པའི་འཕེལ་རྒྱས་ནི་རི་སྔོ་ཆུ་དྭངས་དང་རིག་གནས་ཀྱི་ཐོན་ཁུངས་ལས་བྱུང་བ་ཞིག་རེད”ཅེས་ཀན་སུའུ་ཐན་ཧྲུའེ་མའེ་ཅི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཞའོ་ཏུའུ་ཡིས་བཤད། གྲོང་ཁྱེར་དེ་ཡོངས་སུ་རྨོ་ཞིང་མུའུ་ཁྲི་4.8ཡོད་པ་དང་། རྨོ་བསྐྱུར་ནགས་གསོ་མུའུ་ཁྲི་2བྱས་པ་དང་ཤིང་འབྲས་མུའུ་ཁྲི་2.8བཏབ་ཡོད། ཞབས་ཞུའི་ལས་རིགས་དང་ནགས་ལས་དང་ཤིང་འབྲས་ལས་རིགས་ས་གནས་དེ་གའི་ཀ་རྟེན་ལྟ་བུའི་ཐོན་ལས་ལ་གྱུར་ཡོད་པ་རེད།
         “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་པའི་སྐོར་བཏོན་ཡོད། དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ཚེ་ཧེ་བག་ཧ་ཅང་ཆེན་པོ་འཛོལ་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་ནགས་ཚལ་དང་ཤིང་འབྲས་འདེབས་འཛུགས་རྟེན་གཞི་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཚོ་དེ་བས་འབྱོར་ཕྱུག་ལྡན་པའི་འབྱོར་འབྲིང་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཏུང་ཞའོ་ཏུའུ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
         ཉེ་དུས་ཧྲའན་ཤིས་ཙེ་ཀྲོའུ་རྫོང་ཀྲང་ཅ་པན་གྲོང་ཚོའི་གྲོང་མི་ཚོས་ཧྲའན་པེའི་ཞིང་པ་ཁོ་ནར་ཡོད་པའི་བྱེད་ཐབས་ཐོག་ནས་བོང་བུའི་ཐེར་གེ་བཏང་སྟེ་ལེ་དབར་སྟོང་གི་སར་གནས་པའི་ཅང་སུའུ་ཀྲང་ཅ་སྒང་གྲོང་ཁྱེར་ལ“དྲིན་ཚོར་གྱི་བྱང་བུ”བསྐྱལ་བ་རེད། ཀྲང་ཅ་སྒང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་འོག་ཀྲང་ཅ་པན་གྲོང་ཚོའི་དབུལ་པོ་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད་པ་རེད།
        “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་དང་དབུལ་སྐྱོར་དེ་བློ་སྟོབས་ཀྱི་རྒྱབ་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་ཟུང་འབྲེལ་བྱས་ནས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལག་བསྟར་གཏིང་ཟབ་བྱེད་དགོས་ཞེས་བསྟན་ཡོད་པས། འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་ང་ཚོའི་ཡིད་ཆེས་དང་ཧུར་སེམས་ཆེ་རུ་ཕྱིན་སོང”ཀྲང་ཅ་པན་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཝང་གོ་ཆོན་གྱིས་གོམ་སྟབས་རྗེས་མར་གྲོང་ཚོའི་ནང་ད་དུང་ལྗང་མདོག་ཐོན་ལས་དེ་བས་མང་བ་འཕེལ་རྒྱས་བཏང་སྟེ“འབྱོར་འབྲིང་གི་དཔེ་སྟོན་གྲོང་ཚོ”གཏོད་རྒྱུ་ཡིན་ཞེས་བཤད།
         དམིགས་ཚད་གསར་པ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེའི་ཕྱོགས་སུ་སྐྱོད་པ།
         ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་བཀོད་སྒྲིག་བྱས་པ་དང་ཆབས་ཅིག 2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་གོམ་སྟབས་གཉིས་སུ་ཕྱེ་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཕྱོགས་སུ་སྐྱོད་པའི་དམིགས་ཚད་གསར་པ་ཁ་གསལ་བཟོས་ཡོད། དམིགས་ཚད་དེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་བརྗིད་ཆེའི་འཆར་གཞི་བཀོད་པས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོར་སྐུལ་མ་གཏིང་ཟབ་ཐེབས་ཡོད།
         ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནས་གཞི་རྩའི་ཆར་དེང་རབས་ཅན་མངོན་འགྱུར་བྱེད་པའི་བར་དང་སླར་ཡང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་བར་བཅས་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། “སྤྱི་ཚོགས་ཀྱི་ཤེས་དཔལ་ལྡན་ཚད་མཐོ་ཚད་གསར་པར་སླེབས་པ”བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བའི་ནང་དོན་གལ་ཆེན་ཞིག་རེད།
         “ཡུལ་སྐོར་བས་ཡུལ་སྐོར་གྱི་འཛད་སྤྱོད་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་ང་ཚོར་ཤེས་དཔལ་ལྡན་པའི་ཡུལ་སྐོར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད”ཅེས་སན་ཡ་གྲོང་ཁྱེར་ཡུལ་སྐོར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡེ་ཁའེ་ཀྲུང་གིས་བརྗོད་ཅིང་། གོམ་སྟབས་རྗེས་མར་ཐབས་ལམ་དང་བྱ་ཐབས་མང་པོའི་ཐོག་ནས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་གཏིང་ཟབ་ཏུ་བཏང་ནས་སན་ཡ་ཤེས་དཔལ་ལྡན་པའི་ཡུལ་སྐོར་གྱི་རྩེར་སོན་གྲོང་ཁྱེར་དུ་བསྐྲུན་རྒྱུ་ཡིན་ཞེས་བཤད།
         སྟོན་གྱི་དུས་ཚིགས་སུ་ཀྲུང་ཤིན་ཐེན་ཅིན་སྣོད་བཅུད་གྲོང་གི་མཛེས་ལྗོངས་རི་མོ་བྲིས་པ་ལྟར་མཛེས། “ལོ་དགུའི་གོང་ས་ཆ་དེ་བ་ཚྭའི་ཐང་རྒོད་དང་། སྦགས་བཙོག་གི་ཆུ་དོང་། རྫབ་རླངས་ཀྱི་ཚྭ་ཞིང་བཅས་ཡིན་པས། ང་ཚོས་དུས་ཐོག་ཏུ་འཕེལ་རྒྱས་ཀྱི་འདུ་ཤེས་ལེགས་སུ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས་གནས་བབ་ཨང་དང་པོར་བཞག་པས་གཞི་ནས་དེ་རིང་གི་རྣམ་པ་འདི་བྱུང་ཡོད”སྣོད་བཅུད་གྲོང་དོ་དམ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཏན་ཙེ་ཧྥུང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་དགོས”ཞེས་པའི་རྒྱས་བཤད་གལ་ཆེན་ལས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་རྒྱུའི་ང་ཚོའི་རང་རྟོགས་བྱ་སྤྱོད་བརྟན་དུ་ཕྱིན་སོང་ཞེས་བཤད།
         འགན་འཁྲི་གསར་པ་འཁུར་ཕོད་པ་བྱས་ནས“ཀྲུང་གོ་རྟགས་ཅན”གྱི་གྲུ་གཟིངས་ཆེན་པོ་རླབས་གཤག་མདུན་སྐྱོད་བྱ་རྒྱུར་ཁྲིད་སྟོན་བྱེད་པ།
         “རླབས་ཆེའི་འཐབ་རྩོད་བྱེད་པ་དང་། རླབས་ཆེའི་འདུ་འགོད་འཛུགས་སྐྲུན་བྱེད་པ། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རླབས་ཆེན་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་དགོས”——“ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་སྦྲེལ་མཐུད་ཀྱི་འབྲེལ་མཚམས་སུ་ལངས་ཏེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ལ་རྒྱས་བཤད་བྱས་པ་དང་འགན་འཁྲི་དཀྲིས་ཡོད།
         དེ་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་རེད་ལ། ལོ་རྒྱུས་ཀྱི་ཚོད་བགམ་ཞིག་ཀྱང་རེད།
         “ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་རྒྱུ་ནི་བདེ་བདེ་ལྷོད་ལྷོད་དང་རྔ་རྡུང་དར་འཕྱར་བྱས་པ་ཙམ་གྱིས་འགྲུབ་ཐུབ་པ་ཞིག་གཏན་ནས་མིན”ཁྲུང་ཆིང་གྲོང་ཁྱེར་ནན་ཧུའུ་སྡེ་ཁུལ་གྱི“ཏང་ཡོན་རྒན་གྲས་ཀྱིས་ཚོགས་ཆེན་བཅུ་དགུ་པར་ལྟ་བ”ཞེས་པའི་བརྗོད་དོན་གཙོ་བོའི་འཚོ་བའི་ཚོགས་འདུའི་ཐོག་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་རྒན་གྲས་ཧོ་ཤན་ཐའོ་ཡིས་གཏམ་བཤད་འདི་ལྟར་སྤེལ་བ་སྟེ། “དུས་རབས་གསར་པར་སླེབས་པས་རང་རེའི་ཏང་ལ་ངེས་པར་དུ་རྣམ་པ་གསར་པ་དགོས་ལ་བྱས་རྗེས་གསར་པའང་འཇོག་དགོས་པ་དང་། ངེས་པར་དུ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་འཐབ་འཛིང་མཁར་རྫོང་བརྟན་དུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལ་སྣེ་ཁྲིད་ཀྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུར་འགྱུར་བ་བྱེད་དགོས”ཞེས་པ་དེ་རེད།
         ལས་འགན་གྱིས་འགན་འཁྲི་འཁུར་རྒྱུར་འབོད་སྐུལ་བྱེད་པ་དང་། ལས་འགན་གྱིས་མ་འོངས་པར་ཁྲིད་སྟོན་བྱེད་པ།
         པེ་ཅིང་ཀྲུང་ཀོན་ཚུན་དུ་རྟོག་བཟོས་མངོན་སུམ་གྱི“འཁྲབ་སྟོན”ཇི་མ་ཇི་བཞིན་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། འབྱུང་འགྱུར་ལག་རྩལ་དེས་ཆུ་ཚད་མཐོ་བའི་འཁྲབ་སྟོན་ཐག་རིང་ལུང་ཁུག་ས་ཁུལ་དུ་བྱས་ནས་ཕུལ་བྱུང་གི་རིག་གནས་ཐོན་རྫས་ཀྱིས་མི་སེར་དེ་བས་མང་བར་ཕན་པ་ཐོབ་པ་བྱ་རྒྱུ་རེད།
         “གསར་གཏོད་བྱ་རྒྱུ་དེ་དུས་རབས་ཀྱི‘གོམ་ཚིགས’ཐོག་བསྣན་ནས་ཚན་རྩལ་གསར་གཏོད་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་དགོས”ཀྲུང་ཀོན་ཚུན་དོ་དམ་ཨུ་ལྷན་གྱི་ལས་གཏོད་ཞབས་ཞུ་ཁྲུའི་ལས་བྱེད་པ་ཁྲེན་པའོ་ཏེས། ཏང་གི་ཚོགས་ཆེན་བཅུ་དགུ་པས་གསར་གཏོད་རྣམ་པའི་རྒྱལ་ཁབ་གང་མགྱོགས་འཛུགས་སྐྲུན་བྱ་རྒྱུའི་དུང་བརྡ་གསར་པ་གྲགས་ཡོད། ང་ཚོས་ངེས་པར་དུ་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱས་ཏེ། ཁེ་ལས་འབྲིང་ཆུང་གི་གསར་གཏོད་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་གང་མགྱོགས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།