འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་བྱང་རྒྱུད་ཀྱི་ནགས་ཚལ་ཞིག་ཏུ་མེ་སྐྱོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན་གྱི་དགོང་མོར། ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་སན་ཧྥུ་རན་ཞི་སི་ཁོ་(San Francisco)ཁུག་པ་བྱང་རྒྱུད་ཀྱི་ནགས་ཚལ་ཞིག་ཏུ་མེ་སྐྱོན་བྱུང་བ་དང་། ཚེས་9ཉིན་གྱི་སྔ་དྲོར། ཉེ་འཁོར་གྱི་སྡོད་ཁང་མང་པོ་ཞིག་མེས་བསྲེགས་ཡོད་ལ། མི་སྟོང་ཕྲག་ལྷག་ཉེན་གཡོལ་བྱས་པ་དང་། གཞུང་ལམ་མང་པོ་ཞིག་བཀག་སྡོམ་བྱས་པ་རེད།
           ཚེས་9ཉིན། མངའ་སྡེ་ཡི་འགོ་འཛིན་པུ་རཱང་གིས་ཅ་ལི་ཧྥུ་ནི་ཡ་མངའ་སྡེ་བྱང་རྒྱུད་ཀྱི་རྫོང་གསུམ་ནི་ཛ་དྲག་ཆེ་བའི་གནས་སུ་འཁོད་ཡོད་ཅེས་བསྒྲགས་པ་རེད།
           ཚེས་8ཉིན་གྱི་དགོང་མོ་དང་ཚེས་9ཉིན་གྱི་སྔ་དྲོ་བར། མེ་སྐྱོན་ནི་རླུང་ཤུགས་ལ་བརྟེན་ནས་ཇེ་ཆེར་ཁྱབ་ལ། ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་ན་ཕཱ་རྫོང་དང་སའོ་ནོ་རྫོང་། ཡིའུ་པཱ་རྫོང་གསུམ་གྱི་གནོད་འཚེ་ཐེབས་ཚད་ནི་ཆེས་ཚབས་ཆེན་ཡིན་པ་རེད།
         ཅ་ལི་ཧྥུ་ནི་ཡ་མངའ་སྡེ་ཡི་མེ་གསོད་མེ་འགོག་སྡེ་ཁག་གི་ནུས་ཤུགས་ཡོད་རྒུ་སྒྲིག་འཛུགས་བྱས་ཏེ་མེ་སྐྱོན་གསོད་བཞིན་ཡོད་པ་རེད།
          ཨ་རིའི་རྒྱལ་ཁབ་གནམ་གཤིས་ཅུས་ཀྱི་སྔོན་དཔག་བྱས་པར་གཞིགས་ན། སན་ཧྥུ་རན་ཞི་སི་ཁོ་(San Francisco)ཁུག་པ་ཡི་ཚེས་9ཉིན་རླུང་ཤུགས་ཇེ་ཆུང་ལ་འགྲོ་རྒྱུ་ཡིན་པས། མེ་སྐྱོན་གསོད་པར་ཕན་པ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།