འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་རང་རྒྱལ་གྱི་ས་འོག་ཚ་ནུས་ལོར་སྤྱོད་ཚད་ཚད་ལྡན་རྡོ་སོལ་ཏུན་ཁྲི་7000
    དང་མཚུངས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་སྡེ་ཚན་གྱིས་བཟོས་པའི་འཆར་འགོད་ལ་གཞིགས་ན། 2020ལོར་རང་རྒྱལ་གྱི་ས་འོག་ཚ་ནུས་ལོར་སྤྱོད་ཚད་ཚད་ལྡན་རྡོ་སོལ་ཏུན་ཁྲི་7000དང་མཚུངས་རྒྱུ་དང་དྲོད་མཁོ་འདོན་ཐད་ས་འོག་ཚ་ནུས་ལོར་སྤྱོད་ཚད་ཚད་ལྡན་རྡོ་སོལ་ཏུན་ཁྲི་4000དང་མཚུངས་རྒྱུ་ཡིན་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། ས་འོག་ཚ་ནུས་ནི་ལྗང་མདོག་ཐཱན་ཉུང་དང་འཁོར་རྒྱུག་བེད་སྤྱོད་ཆོག་པའི་བསྐྱར་སྐྱེས་ནུས་རྒྱུ་ཞིག་ཡིན་པ་དེར་གསོག་ཚད་མང་བ་དང་། ཁྱབ་རྒྱ་ཆེ་བ། གཙང་ཞིང་ཁོར་ཡུག་སྲུང་སྐྱོང་ཐུབ་པ། བརྟན་ལ་བློས་འགེལ་ཆོག་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། དེ་ནི་སྤྱོད་གོ་ཆོད་ལ་འགྲན་རྩོད་ནུས་པ་ལྡན་པའི་ནུས་རྒྱུ་གཙང་མ་ཞིག་ཡིན། རང་རྒྱལ་གྱི་ས་འོག་ཚ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེ་བ། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པ་བཅས་ཡོད། ས་འོག་ཚ་ནུས་གསར་སྤེལ་དང་བེད་སྤྱོད་བྱེད་མགྱོགས་སུ་བཏང་བ་དེས་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་དང་། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ཁོར་ཡུག་ལེགས་སུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། གསར་དར་ཐོན་ལས་སྐྱེད་སྲིང་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལས་ཞུགས་མང་དུ་གཏོང་བ་བཅས་ཚང་མར་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།
            “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་རྒྱལ་གྱིས་ཆུ་ཚན་རྣམ་པའི་ས་འོག་ཚ་ནུས་ཀྱི་དྲོད་མཁོ་འདོན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། གཏིང་ཚད་ཐུང་བའི་ས་འོག་ཚ་ནུས་བེད་སྤྱོད་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ། འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུ། ཆ་འཕྲིན་ལྟ་ཞིབ་ཚད་ལེན་གྱི་བསྡོམས་རྩིས་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཐོན་ལས་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།