འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས"མཚོ་གཏིང་དཔའ་བརྟུལ"རྟགས་ཅན་གྱི་མི་བཞུགས་མཚོ་འཛུལ་ཚོད་ལྟ་ལེགས་
    སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉིན་50ལྷག་ཙམ་རིང་རང་རྒྱལ་གྱི“མཚོ་གཏིང་དཔའ་བརྟུལ”རྟགས་ཅན་གྱི་མི་བཞུགས་མཚོ་འཛུལ་ཡོ་བྱད་ཀྱིས་ལྷོ་མཚོར་མཚོ་ཐོག་གི་ཚོད་ལྟའི་ལས་འགན་ཚང་མ་ལེགས་གྲུབ་ཟིན་རྗེས་ཚེས་3ཉིན“འཚོལ་ཞིབ་རྟགས་ཅན་ཨང་དང་པོ”ཡི་གྲུ་གཟིངས་ཨ་མ་དང་མཉམ་དུ་སན་ཡ་གྲུ་ཁར་བདེ་བླག་ངང་ལོག་ཡོད་པ་རེད། ད་ཐེངས་ཀྱི་མཚོ་ཐོག་ཚོད་ལྟ་བརྒྱུད་གཏིང་ཚད་སྨི་4500སར་མི་བཞུགས་ཆུ་འཛུལ་ཡོ་བྱད་ཀྱི་བྱེད་ནུས་དང་ནུས་པ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་དང་ར་སྤྲོད་སྔར་བས་ཐུབ་ཡོད་ལ་མཚོ་ཐོག་ཚོད་ལྟ་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ཞིབ་འཇུག་གསར་བཟོའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་མཚོན་ཡོད་པ་རེད།
            རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་པའེ་ཁྲུན་ལིས་མཚོ་ཐོག་ཚོད་ལྟའི་གྲུབ་འབྲས་ལས་མཚོ་གཏིང་དཔའ་བརྟུལ་རྟགས་ཅན་གྱི་མི་བཞུགས་མཚོ་འཛུལ་ཡོ་བྱད་ཀྱི་ནུས་པ་ཡག་པོ་ཡོད་པ་མངོན་ཡོད་པས་རྒྱལ་སྤྱིའི་སྔོན་ཐོན་མི་བཞུགས་ཆུ་འཛུལ་ཡོ་བྱད་ཀྱི་གྲས་སུ་འཇུག་ཆོག་པ་དང་། དེ་ནི་རང་རྒྱལ་གྱི་གཏིང་ཚད་རིང་བའི་མི་བཞུགས་ཆུ་འཛུལ་ཡོ་བྱད་ཞིབ་འཇུག་གསར་སྤེལ་ལམ་བུའི་ཐོག་གི་མཆོང་སྐྱོད་གལ་ཆེན་ཞིག་ཡིན་ལ་དེ་ཐོག་ནས་རང་རྒྱལ་ལ་གཏིང་ཚད་རིང་བའི་མི་བཞུགས་ཆུ་འཛུལ་ཡོ་བྱད་ཞིབ་འཇུག་གསར་སྤེལ་དང་ཚོད་ལྟའི་ནུས་པ་ཁྱོན་ཡོངས་ནས་ལྡན་པ་མཚོན་ཐུབ་ཅེས་བརྗོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།