འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གི་སྤྱི་གླིང་གསར་བརྗེའི་ཡུལ་སྐོར་གྱིས་ཉིན་བདུན་ནང་ཡུལ་སྐོར་བ་མི་ཐེངས་ཁྲི་95ལ་
    སྣེ་ལེན་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་10ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་པེ་ཅིང་གི་སྤྱི་གླིང་ཆེ་གྲས་ཁག་གི་གསར་བརྗེའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་འཛོམས་པ་དང་ཡུལ་སྐོར་བས་སྤྱི་གླིང་དུ་སྤྲོ་གསེང་བྱེད་པའི་ཞོར་ལ་གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་པ་དང་མེས་རྒྱལ་ལ་སྨོན་འདུན་ཡང་ཞུས་པ་རེད། ཟླ་10ཚེས་7ཉིན་བར་པེ་ཅིང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་གླིང་རྣམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་དེ་བཞིན་དྲན་གསོ་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་95ལ་སྣེ་ལེན་ཞུས་ཤིང་། རྒྱལ་སྟོན་གྱི་གུང་གསེང་རིང་སྤྱི་གླིང་དུ་གསར་བརྗེའི་ཡུལ་སྐོར་བྱེད་མཁན་ཁྲི་བརྒྱ་ལྷག་ཙམ་ཟིན་ཡོད་པ་རེད།
           “བཅུ་པའི་ཚེས་གཅིག་ཉིན་ནི‘རྫོགས་ལྡན་གཟའ་འཁོར’ཙམ་མ་ཡིན་པར་ཀྲུང་གོ་བ་ཡོངས་ཀྱིས་དྲན་གསོ་ཞུ་དགོས་པའི་ཉིན་མོ་ཞིག་ཡིན་ལ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་གོ་སྐབས་ཡག་ཤོས་ཤིག་ཀྱང་རེད”དེར་བརྟེན་པེ་ཅིང་གྲོང་ཁྱེར་སྤྱི་གླིང་དོ་དམ་ལྟེ་གནས་ཀྱིས“སྤྱི་གླིང་གསར་བརྗེའི་ཡུལ་སྐོར”གྱི་བྱེད་སྒོ་སྤེལ་ནས་སྤྱི་གླིང་དུ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་དྲིལ་བསྒྲགས་སློབ་གསོའི་ནུས་པ་གང་ལེགས་སྤྱད་དེ་རྒྱལ་གཅེས་རིང་ལུགས་ཀྱི་དྲན་གསོ་ཁང་ལ་བརྟེན་ནས་དུས་ཚོད་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་དྲན་གསོའི་བྱེད་སྒོ་སྤེལ་བ་རེད། ཁྱད་ཆོས་མི་འདྲ་བའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་བཏོད་དེ་ཤང་ཧྲན་དང་། ཐའོ་རན་ཐིང་། རྩི་ཤིང་གླིང་། ཡུས་ཡོན་ཐན་སོགས་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་གླིང་ཁག་གི“གསར་བརྗེའི་རྟེན་གཞིའི”ལམ་ཐིག་གཅིག་ཏུ་སྦྲེལ་ནས་ཡུལ་སྐོར་བ་སྤྱི་གླིང་དུ་འབྱོར་རྗེས་སྤྱི་གླིང་སྐོར་བའི་ཞོར་ལ་རྒྱལ་གཅེས་རིང་ལུགས་སློབ་གསོ་དང་གསར་བརྗེའི་སྙིང་སྟོབས་དང་ལེན་ཐུབ་པར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།