འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཅིན་ཀྲེང་ཨེན་གྱིས་ཐེ་རོམ་ཕུ་ཡིས"ཁོ་རེ་ཡ་བྱང་མ་རྩ་གཏོར་གཏོང་རྒྱུ་ཡིན"ཞེས་པའི་གཏམ་
    གླེང་བྱས་པའི་སྐོར་ལ་གསལ་བསྒྲགས་སྤེལ་ནས་རྒོལ་ལན་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་
    ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན། ཁོ་རེ་ཡ་བྱང་མའི་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཁོ་རེ་ཡ་བྱང་མའི་ཆེས་མཐོའི་འགོ་ཁྲིད་ཅིན་ཀྲེང་ཨེན་གྱིས་ཚེས་21ཉིན་གྱི་དགོང་མོར་ཨ་རིའི་ཙུང་ཐུང་ཐེ་རེམ་ཕུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག"ཁོ་རེ་ཡ་བྱང་མ་རྩ་གཏོར་གཏོང་རྒྱུ་ཡིན"ཞེས་པའི་གཏམ་གླེང་བྱས་པའི་སྐོར་ལ་གསལ་བསྒྲགས་སྤེལ་ནས་བྱ་སྤྱོད་སྤེལ་ཏེ་རྒོལ་ལན་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།
        ཅིན་ཀྲེང་ཨེན་གྱིས་ཐེ་རོམ་ཕུ་ཡིས་འཛམ་གླིང་གི་མདུན་དུ་རང་རེའི་རྒྱལ་ཁབ་དང་ང་རང་ལ་བརྙས་བཅོས་གཏོང་བའི་གཏམ་གླེང་སྤེལ་བའི་ཐད་ལ་ཁོང་རང་གིས་དེར་རྒོལ་ལན་དྲག་པོ་ཇི་ལྟར་བྱ་དགོས་པར་བསམ་གཞིགས་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
         ཚེས་19ཉིན་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གཏམ་བཤད་སྤེལ་ནས་ཁོ་རེ་ཡ་བྱང་མར་རྙོག་སློང་བྱས་ནས་ཁོ་རེ་ཡ་བྱང་མའི་ཉིང་རྡུལ་མཚོན་ཆ་དང་མདེལ་ལམ་འཕུར་མདའ་ནི་འཛམ་གླིང་ཡོངས་ལ་འཇིགས་སྐུལ་བྱས་པ་ཞིག་རེད། “གལ་ཏེ་ཨ་རིར་རང་སྲུང་ངམ་མནའ་འབྲེལ་རྒྱལ་ཁབ་སྲུང་སྐྱོང་མ་བྱས་ཀ་མེད་བཟོས་པ་ཡིན་ན། གདམ་ག་གཞན་དག་མེད་པར་ཁོ་རེ་ཡ་བྱང་མ་རྩ་གཏོར་གཏོང་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།