འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཞི་ཁོ་རུ་ས་ཡོམ་བྱུང་ནས་ཐའེ་ཝན་སྤུན་ཟླ་3རྐྱེན་ལམ་དུ་ཤོར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མོ་ཞི་ཁོ་རུ་ས་ཡོམ་བྱུང་ནས་ཐའེ་ཝན་སྤུན་ཟླ་3རྐྱེན་ལམ་དུ་ཤོར་བ། 
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན་གྱི་ཕྱི་དྲོར་མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་མོ་ཞི་ཁོ་རུ་བྱུང་བའི་ས་ཡོམ་ཁྲོད་དུ་་ཐའེ་ཝན་སྤུན་ཟླ་3རྐྱེན་ལམ་དུ་ཤོར་བ་ར་སྤྲོད་བྱས་པ་རེད།
         མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དཔོན་པོས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཚེས་21ཉིན་གྱི་ཆུ་ཚོད་16:00གི་བར་དུ། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཁག་དང་དེ་བཞིན་ཐའེ་ཝན་སྤུན་ཟླའི་གཉེན་ཉེ་ལ་ངོས་འཛིན་བྱེད་དུ་བཅུག་པ་བརྒྱུད། མོ་ཞི་ཁོ་གྲོང་ཁྱེར་ལྟེ་བར་རྡིབ་པའི་ཐོག་ཁང་གི་ཞིག་རོའི་འོག་ཏུ་འགགས་པའི་ཐའེ་ཝན་སྤུན་ཟླ་5ཡི་ཁྲོད་དུ། མི་3སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་། དེ་མིན2གར་སོང་ཆ་མེད་དུ་གྱུར་པས། ད་དུང་འཚོལ་སྐྱོབ་བྱེད་བཞིན་པའི་སྒང་རེད། མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དཔོན་པོས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ལ་མྱ་ངན་ཞུས་པ་དང་། ཁོང་ཚོའི་གཉེན་ཉེ་རྣམས་ལ་སེམས་གསོའི་འཚམས་འདྲི་ཞུས་པ་རེད།
         ཟླ་9ཚེས་9ཉིན་གྱི་ཕྱི་དྲོར། མོ་ཞི་ཁོ་རུ་ས་ཡོམ་རིམ་པ་7.1བྱུང་བ་དང་། ས་ཡོམ་ལྟེ་བ་ནི་མོ་ལེ་ལུའོ་སི་མངའ་སྡེའི་ཨ་ཁེ་སུའོ་ཆ་ཕན་གྲོང་ཁྱེར་ནུབ་ལྷོའི་སྤྱི་ལེ་12མཚམས་སུ་ཡིན་ཞིང་། ཡོམ་གནས་གཏིང་ཚད་ལ་སྤྱི་ལེ་57ཡོད་པ་རེད། རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་ལ་ཡོམ་ཚོར་ཧ་ཅང་ཆེན་པོ་བྱུང་བ་དང་། ཁང་པ་མང་པོ་རྡིབ་པ་རེད། མོ་ཞི་ཁོ་ནང་སྲིད་པུའུ་ཡིས་ཚེས་21ཉིན་སྤྱི་བསྒྲགས་སྤེལ་ནས་ས་ཡོམ་ལས་ཉུང་མཐར་ཡང་མི་273རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།