འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཞི་ཁོ་རུ་ས་ཡོམ་བརྒྱབ་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་273དུ་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མོ་ཞི་ཁོ་རུ་ས་ཡོམ་བརྒྱབ་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་273དུ་འཕར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན། མོ་ཞི་ཁོའི་ནང་སྲིད་པུའུ་ཡིས་སྤྱི་བསྒྲགས་བྱས་པར་གཞིགས་ན། མོ་ཞི་ཁོ་དབུས་རྒྱུད་དུ་བྱུང་བའི་ས་ཡོམ་ཁྲོད་མི་གྲངས་273རྐྱེན་ལམ་དུ་ཤོར་ཡོད་པ་རེད།
         སྤྱི་བསྒྲགས་ནང་དུ། ས་ཡོམ་གྱི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ནང་དུ། རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་གྱི་མི་137ཡོད་ཅིང་། མོ་ལེ་ལུའོ་སི་མངའ་སྡེ་ཡི་མི་73དང་། ཕུའུ་ཨེ་པུའུ་ལཱ་མངའ་སྡེའི་མི་43 མོ་ཞི་ཁོ་མངའ་སྡེ་ཡི་མི་13 ཀེ་ལེ་ལའོ་མངའ་སྡེའི་མི་6 ཝ་ཧ་མངའ་སྡེའི་མི་1བཅས་ཡོད་པ་རེད།
      སྤྱི་བསྒྲགས་ནང་དུ། མོ་ཞི་ཁོ་རྒྱལ་ཕྲན་མཉམ་འབྲེལ་གློག་ཤུགས་ཨུ་ལྷན་གྱིས་གསལ་འདེབས་བྱས་པ་ལྟར་ན། མིག་སྔར་གནོད་འཚེ་ཕོག་ཁུལ་དུ་གློག་ཤུགས་95%མཁོ་འདོན་སླར་གསོ་བྱུང་ཡོད་པ་རེད། 
         ཟླ་9ཚེས་19ཉིན་གྱི་ཕྱི་དྲོ་རུ། མོ་ཞི་ཁོ་རུ་ས་ཡོམ་རིམ་པ་7.1བྱུང་བ་དང་། ཡོམ་གནས་ནི་མོ་ལེ་ལུའོ་སི་མངའ་སྡེའི་ཨ་ཁེ་སུའོ་ཆ་ཧྥན་གྲོང་ཁྱེར་ལྷོ་ནུབ་ཀྱི་སྤྱི་ལེ་12མཚམས་སུ་ཡིན་པ་རེད། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་57ཡོད་པ་རེད། ཚེས་20ནས་བཟུང་། མོ་ཞི་ཁོ་རྒྱལ་ཡོངས་སུ་ཉིན་3རིང་མྱ་ངན་ཞུས་པ་རེད།  
    ༄༅།།མོ་ཞི་ཁོ་རུ་ས་ཡོམ་བརྒྱབ་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་273དུ་འཕར་བ།
    ༄༅།།མོ་ཞི་ཁོ་རུ་ས་ཡོམ་བརྒྱབ་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་273དུ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།