འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་སྐོར་ཡོང་འབབ་ཀྱིས་བོད་ལྗོངས་ཀྱི་GDPཡི་གསུམ་ཆ་གཅིག་ཙམ་ཟིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། 2012ལོ་ནས་2016ལོའི་བར་དུ། བོད་ལྗོངས་ཀྱིས་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཐེངས་གྲངས་ཁྲི་8236.06ལྷག་ཙམ་ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1108.33མངོན་འགྱུར་བྱུང་ཡོད། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ལ་དཔལ་འབྱོར་གྱི་རྣམ་པ་རིགས་ཙམ་ཆགས་ཡོད་ལ། ལྷ་སའི"ཞོ་སྟོན"གྱི་མཚོན་པའི་བོད་ལྗོངས་ཁྱད་ལྡན་གྱི་ཡུལ་སྐོར་དུས་སྟོན་ཚོང་རྟགས་བསྐྲུན་ཡོད། ཡུལ་སྐོར་གྱི་རིག་གནས་མཉམ་བསྲེས་གཏིང་ཟབ་འཕེལ་རྒྱས་བྱུང་བས། ཕྱོགས་ཡོངས་ནས་འཛམ་གླིང་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་བའི་སྐུལ་འདེད་ཐེབས་ཡོད་པ་རེད།
           2017ལོའི་ཟླ་8པ་བར་དུ། བོད་ལྗོངས་སུ་རིགས་མི་གཅིག་པའི་ཡུལ་སྐོར་ཁེ་ལས་2809ཡོད་ལ། ཡུལ་སྐོར་ལས་བྱེད་མི་སྣ་མི་ཁྲི་35ལྷག་ཙམ་ཟིན་ཡོད་པ། ཡུལ་སྐོར་རླངས་འཁོར་3235ཙམ་ཡོད་པ། རྒྱལ་ཁབ་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་1139ཡོད་པ། མཛེས་ལྗོངས་ཁུལ་གྲགས་ཅན་16ཡོད་པ། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་3ཡོད་པ། ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་2ཡོད་པ། ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་5ཡོད་པ། ལས་རིགས་ཡོངས་ཀྱི་མ་དངུལ་སྒོར་དུང་ཕྱུར་200ལྷག་ཙམ་ཟིན་ཡོད་པ་རེད།
            བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འགོ་འཛིན་གཞོན་པ་ཅི་ཡུའེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་དུ། བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཐེམ་སྐས་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད། 2016ལོ་ཁོ་ནར། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཐེངས་གྲངས་ཁྲི་2315.94ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཁྱོན་ཡོངས་ཀྱིས་བོད་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་སྒོར་དུང་ཕྱུར་330.75མངོན་འགྱུར་བྱུང་བ་ནི་2012ལོའི་ཡུལ་སྐོར་ཁྱོན་ཡོངས་ཡོང་འབབ་ཀྱི་ལྡབ་2.6རེད། ཡུལ་སྐོར་གྱི་ཁྱོན་ཡོངས་ཡོང་འབབ་དེ་བོད་ལྗོངས་ཀྱི་ཐོན་སྐྱེད་གྲངས་ཀྱི་27%ཡས་མས་ཟིན་འདུག ཡུལ་སྐོར་ལས་རིགས་ཀྱིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ་ཡུལ་སྐོར་གྱིས་དམངས་ཕན་སོགས་ཀྱི་ཕྱོགས་ནས་ནུས་པ་གལ་ཆེན་བཏོན་འདུག་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།