འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་དུ་ན་ནིང་ལོ་མི་ཁྲི་15གྲོངས་ཡོད་པ་ནི་འགྲིམ་འགྲུལ་དོན་རྐྱེན་ལས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན། རྒྱ་གར་སྲིད་གཞུང་གི་ཁྱབ་བསྒྲགས་སྤེལ་བའི་སྙན་ཞུ་ལ་གཞིགས་ན། རྒྱ་གར་དུ་2016ལོའི་འགྲིམ་འགྲུལ་དོན་རྐྱེན་ལས་རྒྱལ་ཡོངས་སུ་མི་ཁྲི་15.1གྲོངས་པ་དང་། དེ་ནི་2015ལོ་དང་བསྡུར་ན་3%འཕར་ཡོད་པ་རེད། 
         རྒྱ་གར་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་《2016ལོའི་རྒྱ་གར་གྱི་འགྲིམ་འགྲུལ་དོན་རྐྱེན་གྱི་སྙན་ཞུ་》ལས། དེ་ཡང་མི་གྲོངས་པའི་བསྡུར་ཚད་ལོ་གོང་མ་ལས་འཕར་ཡོད་མོད། འོན་ཀྱང་2016ལོར་རྒྱ་གར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་གྲངས་ཚད་4.1%མར་ཆགས་ཡོད་པ་དང་།  མི་ཁྲི་48.1ནས་ཁྲི་49.1ནི་དོན་རྐྱེན་དེའི་ཁྲོད་དུ་རྨས་སྐྱོན་ཕོག་ཡོད་པ་རེད།
         སྙན་ཞུ་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2016ལོར་འགྲིམ་འགྲུལ་དོན་རྐྱེན་ལས་མི་གྲོངས་ཚད་46%ནི་ཕལ་ཆེར་ལོ་18དང་35བར་ཡིན་པ་རེད། 37%ཡི་དོན་རྐྱེན་བྱུང་ས་འགྲིམ་འགྲུལ་ལམ་ཁ་ཡིན་པ་རེད། 
         དེའི་ཁྲོད་དུ་འཁོར་ལོ་གཉིས་ཅན་གྱི་རླངས་འཁོར་དོན་རྐྱེན་འོག་ཤི་བ་ནི་ཆེས་མང་ཤོས་ཡིན་པ་སྟེ། 34.8%ཟིན་པ་དང་། འཁོར་ལོ་བཞི་ཅན་གྱི་རླངས་འཁོར་ལས་17.9%མང་བ་དང་། འཁོར་ལོ་གཉིས་ཅན་གྱི་རླངས་འཁོར་ཆག་སྒོའི་དོན་རྐྱེན་ཁྲོད་དུ་གྲོངས་པའི་མི་ཁྲི་25ནང་དུ་མི་19.3%ཡིས་བདེ་འཇགས་ཞྭ་མོ་གོན་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།