འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱིས་
    མགྱོགས་མྱུར་དུ་"སཱ་ཏེ"མ་ལག་བཀོད་སྒྲིག་བྱེད་རིམ་མཚམས་འཇོག་རྒྱུའི་སྐུལ་འདེད་
    བཏང་བ་བརྗོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱིས་
མགྱོགས་མྱུར་དུ་'སཱ་ཏེ'མ་ལག་བཀོད་སྒྲིག་བྱེད་རིམ་མཚམས་འཇོག་རྒྱུའི་སྐུལ་འདེད་
བཏང་བ་བརྗོད།
         མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཟླ་9ཚེས་6ཉིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་དང་ཁོ་རེ་ཡ་ལྷོ་མ་གཉིས་ལ་ཀྲུང་གོ་སོགས་ས་ཁུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ལ་དོ་ཁུར་ཆེན་པོ་བྱས་ཏེ། མྱུར་དུ་"སཱ་ཏེ"མ་ལག་བཀོད་སྒྲིག་བྱེད་རིམ་མཚམས་འཇོག་བྱས་ནས། འབྲེལ་ཡོད་ཀྱི་སྒྲིག་ཆས་ཕྱིར་འཐེན་བྱ་རྒྱུའི་སྐུལ་འདེད་ནན་ཏན་བྱ་རྒྱུ་
    ཡིན་ཞེས་བཤད་པ་རེད། 
         ཉིན་དེའི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ། གསར་འགོད་པ་ཞིག་གིས། གནས་འཕྲིན་སྤེལ་བར་གཞིགས་ན། "སཱ་ཏེ"འཕེན་གཏོང་རླངས་འཁོར་ལྷག་མ་བཞི་ཟླ་9ཚེས་7ཉིན་གྱི་སྐྱ་རེངས་ཀྱི་སྐབས་སུ་ཁོ་རེ་ཡ་ལྷོ་མ་རུ་བཀོད་སྒྲིག་བྱ་རྒྱུ་ཡིན་ལུགས་བསྟན་པར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་གང་ཞིག་བརྗོད་རྒྱུ་ཡིན་ནམ་ཞེས་དྲིས་པར།
        ཀེང་ཧྲོང་གིས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་བྱེད་སྟངས་ལ་དོ་ཁུར་ནན་ཏན་བྱེད་བཞིན་ཡོད་པ་དང་། ཨ་རིས་ཁོ་རེ་ཡ་ལྷོ་མར་"སཱ་ཏེ"འཕུར་མདའ་འགོག་བྱེད་མ་ལག་བཀོད་སྒྲིག་བྱས་པར་ཀྲུང་གོ་ཕྱོགས་ནས་ངོ་རྒོལ་བྱེད་པའི་ལང་ཕྱོགས་གསལ་པོ་ཡིན་པ་དང་། མཐའ་གཅིག་ཏུ་བློ་བརྟན་འགྱུར་མེད་ཡིན་ལུགས་བསྐྱར་དུ་ནན་བརྗོད་བྱེད་འདོད་ཡོད་ཅེས་བཤད་པ་རེད། 
         ཀེང་ཧྲོང་གིས། ཁོ་རེ་ཡ་ལྷོ་མར་"སཱ་ཏེ"མ་ལག་བཀོད་སྒྲིག་བྱས་པ་ནི་འབྲེལ་ཡོད་རྒྱལ་ཁབ་ཀྱི་བདེ་འཇགས་ཐག་གཅོད་མི་ཐུབ་པ་མ་ཟད། ས་ཁུལ་གྱི་འཐབ་ཇུས་སྙོམ་སྒྲིག་ལ་གཏོར་སྐྱོན་ཐེབས་པ་དང་། ཀྲུང་གོ་ཚུད་པའི་ས་ཁུལ་འདི་གའི་རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇག་ཁེ་ཕན་ལ་གནོད་ཀྱི་རེད། དུས་མཉམ་དུ་ཕྱེད་གླིང་ཛ་དྲག་ཇེ་ཆེ་དང་ཁ་གཏད་ཇེ་ཆེར་ཕྱིན་ནས། ཕྱེད་གླིང་གི་གནད་དོན་རྙོག་འཛིང་ཇེ་ཆེར་གཏོང་བས། ཀྲུང་གོ་ཕྱོགས་ནས་ཨ་རི་དང་ཁོ་རེ་ཡ་ལྷོ་མ་གཉིས་ལ་ཀྲུང་གོ་སོགས་ས་ཁུལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་ལ་དོ་ཁུར་ཆེན་པོ་བྱས་ནས། མྱུར་དུ་"སཱ་ཏེ"མ་ལག་བཀོད་སྒྲིག་བྱེད་རིམ་མཚམས་འཇོག་རྒྱུ་དང་། འབྲེལ་ཡོད་ཀྱི་སྒྲིག་ཆས་ཕྱིར་འཐེན་བྱ་རྒྱུའི་སྐུལ་འདེད་ནན་ཏན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།