འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་སྐྱེས་པའི་སྨི་10000ཡི་རྟིང་རྩོད་
    འགྲན་བསྡུར་ནང་བོད་ལྗོངས་ཀྱིས་གསེར་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་སྐྱེས་པའི་སྨི་10000ཡི་རྟིང་རྩོད་
འགྲན་བསྡུར་ནང་བོད་ལྗོངས་ཀྱིས་གསེར་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་བླངས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་གྱི་དགོང་མོར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་མཆོང་རྒྱུག་འཕེན་གསུམ་སྐྱེས་པའི་སྨི་10000ཡི་རྟིང་རྩོད་འགྲན་བསྡུར་ནང་། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་སྟོབས་རྒྱལ་དང་མི་འགྱུར་ཉི་མ་གཉིས་ཀྱིས་སྔ་གཞུག་ཏུ་རྒྱུག་འབྲས་སྐར་མ་28སྐར་ཆ་26སྐར་ཆུང་86དང་སྐར་མ་29སྐར་ཆ་26སྐར་ཆུང་46གི་ཐོག་ནས་ཨང་དང་པོ་དང་ཨང་གསུམ་པ་བླངས་ནས་བོད་རང་སྐྱོང་ལྗོངས་ལ་གསེར་གྱི་རྟགས་མ་གཅིག་དང་ཟངས་ཀྱི་རྟགས་མ་གཅིག་ཐོབ་པ་རེད།
            ཚེས་5ཉིན་གྱི་དགོང་མོ། ལྟད་མོ་བས་བཙིར་སྐད་དང་དགའ་འབོད་ཀྱི་སྒྲའི་ཁྲོད་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི་10000ཡི་རྟིང་རྩོད་འགྲན་བསྡུར་མཇུག་སྒྲིལ་བ་རེད། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་བདམས་ཐོན་པ་སྟོབས་རྒྱལ་དང་། མི་འགྱུར་ཉི་མ་གཉིས་ཀྱིས་ཨང་དང་པོ་དང་ཨང་གསུམ་པ་བླངས་ཡོད་པས། བོད་རང་སྐྱོང་ལྗོངས་ལ་གསེར་གྱི་རྟགས་མ་གཅིག་དང་ཟངས་ཀྱི་རྟགས་མ་གཅིག་ཐོབ་པ་དང་། རྟ་མགྲིན་ཚེ་དབང་གིས་ཨང་བདུན་པ་བླངས་པ་རེད།
           "ལོ་མང་པོ་ཞིག་གི་རིང་འབད་བརྩོན་བྱས་པར་ཕྱིར་མིག་བལྟས་པ་ན། ཚང་མ་རིན་ཐང་ལྡན་པ་ཞིག་རེད།" བོད་རང་སྐྱོང་ལྗོངས་མཆོང་རྒྱུག་འཕེན་གསུམ་གྱི་རྩལ་འཁྲིད་པ་སྐལ་བཟང་ཚེ་རིང་གིས་སྟོབས་རྒྱལ་གྱི་གྲུབ་འབྲས་ནི་མཐོ་སྒང་གི་མི་ཡིས་མཐོ་སྒང་དུ་ཡུན་རིང་སྦྱོང་བརྡར་བྱས་པའི་འབྲས་བུ་རེད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་སུ་ལུས་རྩལ་པ་ཕུལ་བྱུང་ཁག་གཅིག་ཐོན་ཡོད་པས། མཐོ་སྒང་ལུས་རྩལ་གྱི་བགྲོད་ལམ་གསར་པ་ཞིག་བཏོད་ཡོད་ཅེས་བརྗོད་པ་རེད། "སླད་མར། རྩལ་འཁྲིད་པ་དང་ངེད་གཉིས་ཀྱིས་ལག་གདང་སྦྲེལ་ནས་མུ་མཐུད་འབད་པ་བྱས་ཏེ་གྲུབ་འབྲས་སྔར་ལས་ལྷག་པ་ལེན་རྒྱུ་ཡིན"ཞེས་པའི་སྟོབས་རྒྱལ་གྱི་སྐད་ཆ་དེས་བོད་ལྗོངས་ཀྱི་བུ་ཕྲུག་ཚོའི་ཆེས་བབ་ཆགས་པའི་སེམས་གཏམ་དེ་མཚོན་ཡོད་པ་རེད།
            ཟངས་ཀྱི་རྟགས་མ་ལེན་མཁན་མི་འགྱུར་ཉི་མ་ནི་འཕེལ་རྒྱས་ཆེས་ཆེ་བའི་ལུས་རྩལ་པ་ཞིག་ཡིན་ལ། ཁོང་གིས་བྱ་དགའ་ཞིག་ལེན་ཐུབ་པ་བློ་ཡིད་ལས་འདས་པ་ཞིག་རེད་ཅེས་བརྗོད། "ལྷན་རྒྱས་ཀྱིས་རྒྱབ་སྐྱོར་དང་སྐུལ་མ་གནང་བར་ཐུགས་རྗེ་ཆེ། ངས་བག་ཕེབས་ཀྱི་སེམས་པ་ཞིག་ནས་འགྲན་བསྡུར་ལ་ཞུགས་པ་ཡིན་ལ། འབད་འཐབ་ཀྱི་གོ་རིམ་ལོངས་སྤྱོད་བྱེད་རྒྱུ་ནི་མཇུག་འབྲས་ལས་ཀྱང་གལ་ཆེ་བ་ཞིག་རེད"ཅེས་བརྗོད་པ་རེད།
            གཤིས་རྒྱུད་ཞི་ལྷོད་ཅན་གྱི་རྟ་མགྲིན་ཚེ་དབང་གིས་ད་ཐེངས་བྱ་དགའ་ཞིག་ལེན་ཐུབ་མེད་ཀྱང་། ཨང་བདུན་པ་བླངས་པ་དེའང་གྲུབ་འབྲས་བཟང་པོ་ཞིག་རེད། ཚང་མས་བལྟས་ན། ཁོང་ནི་སེམས་པ་བཟང་ལ་བློ་བརྟན་པ། སྐད་ཆ་ཉུང་བའི་རུ་གྲོགས་བཟང་པོ་ཞིག་རེད། "ངས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་འདོན་མ་ཐུབ་པའི་ཚོར་བ་ཡོང་གི་འདུག  ཕྱིས་སུ་ད་དུང་འབད་པ་སྔར་བས་ལྷག་པ་བྱས་ཏེ་སྔར་ཡོད་ཀྱི་གྲུབ་འབྲས་ཐོག་འཐོལ་བརྒལ་ཐུབ་པར་བྱེད་རྒྱུ་ཡིན"ཞེས་བརྗོད་པ་རེད།
            འགྲན་བསྡུར་མཇུག་རྫོགས་རྗེས། རྩལ་འཁྲིད་པ་དང་རུ་མི་ཚོ་དགའ་སྤྲོའི་ངང་ཕན་ཚུན་རྟེན་འབྲེལ་ཞུ་བཞིན་ཡོད་པ་རེད། དགོང་མོ་དེའི་མཆོང་རྒྱུག་འཕེན་གསུམ་གྱི་ར་བ་ནི་ཁོང་ཚོར་དབང་ཡོད་ལ། དགོང་མོ་དེར་དྲོ་སྐྱིད་ལྡན་པ་དང་མཛེས་ཤིང་སྡུག་པ། བདེ་ཞིང་སྐྱིད་པ་ཞིག་རེད། ངོ་མཚར་མང་པོ་ཞིག་ཐོན་ངེས་པར་ང་ཚོ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།