འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྲོ་སྐྱིད་ལྡན་པའི་སྐབས་ཤིག

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་07ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྤྲོ་སྐྱིད་ལྡན་པའི་སྐབས་ཤིག
         མི་དམངས་དྲ་བའི་འཕྲིན། ལུས་རྩལ་འགྲན་ཚོགས་ཀྱི་ཁྲོད་དུ། ལུས་རྩལ་པ་སུ་ཡིན་ཡང་གསེར་རམ་དངུལ་གྱི་གཟེངས་རྟགས་ཐོབ་པའི་ཁྱུག་ཙམ་འདི་དང་།  བྱ་དགའ་སྩོལ་བའི་སྟེགས་བུར་འཛེགས་ཐེངས་རེ་རེར་མི་རྣམས་ལ་སེམས་འགུལ་རབ་ཏུ་ཐེབས་བཞིན་ཡོད་པ་རེད།
         ཡིན་ན་ཡང་། འགྲན་འབྲས་སྐར་མ་མཐོ་དམན་ནི་ལག་རྩལ་འགྲན་བསྡུར་གྱི་ཆ་ཚང་བ་མིན་ལ། རྒྱལ་ཕམ་མཇུག་འབྲས་ཀྱང་འགྲན་བསྡུར་གྱི་མཐར་ཐུག་ས་མིན་པར། མི་རྣམས་ལ་སེམས་འགུལ་ཐེབས་སུ་འཇུག་པའི་སྤྲོ་སྐྱིད་ལྡན་པའི་ཁྱུག་ཙམ་ནི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གང་ས་གང་ནས་མཐོང་ཐུབ་པ་རེད།
         ཨ་མ་ལགས་ཀྱི་བྱམས་བརྩེ་ལྡན་པའི་སེམས་གསོ་ཡོད་ལ། ཆུང་མའི་བརྩེ་བ་ཆེ་བའི་དཔྲལ་པ་སྦྱར་བའང་ཡོད། རུ་གྲོགས་རྙིང་པ་ཚོས་རོགས་སྐྱོར་གནང་བ་ཡོད་ལ། རྩལ་འཁྲིད་པས་མཉམ་དུ་རྟེན་འབྲེལ་ཞུ་བའི་དགའ་སྤྲོའང་ཡོད། ཕྲུ་གུ་དང་མཉམ་དུ་གཟེངས་རྟགས་མཉམ་རོལ་གྱི་དགའ་སྤྲོ་ཡོད་ལ། རྒྱལ་སྤྱིའི་རོགས་པ་ཚོ་དང་སྤེལ་རེས་བྱེད་པའི་མཛའ་བཤེས་ཀྱང་ཡོད། དྲོ་སྐྱིད་ཡོད་ལ་བརྩེ་དུང་ཟབ་མོའང་ཡོད་པ་རེད། དེའི་ཕྱིར་གཅིག་བྱས་ན་འདི་ནི་ལུས་རྩལ་འགྲན་ཚོགས་ཀྱི་ཡིད་དབང་འཕྲོག་ཤུགས་ཡིན་སྲིད། ཁྱེད་ལ་རྒྱལ་ཁ་ཐོབ་པའམ་ཡང་ན་ཕམ་པ་བྱུང་ནའང་། ཁྱེད་དང་འཐམ་འཁྱུད་བྱ་རྒྱུར་རེ་སྒུག་བྱེད་མཁན་སྙིང་ཉེ་བའི་མི་ཡོད་ངེས།
    【1】  【2】  【3】
    ༄༅།།སྤྲོ་སྐྱིད་ལྡན་པའི་སྐབས་ཤིག
      

    ཕྱོགས་བསྡུས་གསར་འགྱུར།