འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་མཚོའི་རླུང་འཚུབ"ཕུག་རོན"ལས་ཀོང་ཏུང་གི་མི་9གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་25ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་མཚོའི་རླུང་འཚུབ'ཕུག་རོན'ལས་ཀོང་ཏུང་གི་མི་9གྲོངས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་24ཉིན་གྱི་དགོང་མོར། ཀོང་ཏུང་ཞིང་ཆེན་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཁྱབ་བཏང་སྟེ་ཀོང་ཏུང་ཞིང་ཆེན་དུ་རྒྱ་མཚོའི་རླུང་འཚུབ"ཕུག་རོན"ལས་གྲོངས་མཁན་གྱི་མི་གྲངས་9ལ་འཕར་བ་རེད། གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་14པ་ཚེས་24ཉིན་གྱི་དགོང་མོར་བྱུང་བ་དང་། ཚེས་27ཉིན་ལ་ཕལ་ཆེར་ཡང་བསྐྱར་ཀོང་ཏུང་ཞིང་ཆེན་དུ་འབྱུང་རྒྱུ་ཡིན་པ་རེད།
            "ཕུག་རོན"ལས་ཀྲུའུ་ཧའེ་དང་། ཀྲུང་ཧྲན། ཅང་མིན་སོགས་ཀྱི་ས་ཆ་ཁག་ཏུ་གནོད་འཚེ་ཐེབས་པ་རེད། ཐོག་མའི་བསྡོམས་རྩིས་བྱས་ན། ཚེས་24ཉིན་གྱི་ཆུ་ཚོད་15:00བར་དུ། ཀོང་ཏུང་ཞིང་ཆེན་ཡོངས་ནས་གནོད་འཚེ་ལས་མི་9གྲོངས་པ་དང་། སྡོད་ཁང་ཁང་མིག་6425རྡིབ་ལོག་བྱུང་ལ། ས་ཞིང་ལ་གནོད་ཐེབས་རྒྱ་ཁྱོན་མུའུ་ཁྲི་75ཟིན་པ་རེད།
           གསར་འགོད་པས་ལྷོ་ཕྱོགས་གློག་དྲའི་ཀོང་ཞི་ཀུང་སི་ནས་ཤེས་རྟོགས་བྱུང་གསལ་དུ། རྒྱ་མཚོའི་རླུང་འཚུབ"ཕུག་རོན"གྱི་ཤུགས་རྐྱེན་ཐེབས་སྟབས། ལྷོ་ཕྱོགས་གློག་དྲའི་ཀོང་ཞི་ཀུང་སི་ཡི་སྟོང་ཝོལ་10དང་དེའི་ཡན་གྱི་སྐུད་ལམ་ཐེངས་385ལ་ཆད་པ་དང་། སྐུད་ལམ་ཁུལ་11825ལས་མཚམས་བཞག་པས། སྡོད་དམངས་དུད་ཁྱིམ་ཁྲི་61.1གི་ཁྱིམ་སྤྱོད་གློག་ཆད་པ་རེད། ད་ལྟའི་བར་དུ། ཀོང་ཞི་ཡི་གནོད་ཐེབས་ལས་གློག་ཆད་པའི་75%ལ་སླར་གསོ་བྱུང་ཡོད་པ་རེད།
    ༄༅།།རྒྱ་མཚོའི་རླུང་འཚུབ'ཕུག་རོན'ལས་ཀོང་ཏུང་གི་མི་9གྲོངས་པ།
      

    ཕྱོགས་བསྡུས་གསར་འགྱུར།