འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་གནམ་མཚོའི་རྐང་ཐང་ཚོགས་ཆེན་སྐབས་བཅུ་
    གཅིག་པ་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་24ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན་གྱི་སྔ་དྲོར། 2017ལོའི་ལྷ་སའི་ཞོ་སྟོན་གྱི་གནམ་མཚོའི་རྐང་ཐང་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྡོག་ཐོན་མཛད་སྒོ་ལྷ་སར་འཚོགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རྐང་ཐང་ཚོགས་ཆེན་ནི"གནམ་མཚོ་ཕྱུག་མོར། སྤྱི་ཕན་ཁོར་ཡུག་སྲུང་སྐྱོང"ཞེས་པ་བརྗོད་གཞི་གཙོ་བོར་བྱས་པའི་རྐང་ཐང་དུ་སྤྱི་ལེ་10སྐྱོད་པའི་ལམ་བར་དུ། ངལ་གསོ་བྱ་ཡུལ་གུར་2ཕུབ་ཡོད་ཅིང་། ས་གནས་དེ་གའི་འབྲོག་པ་གདན་འདྲེན་ཞུས་ནས་རུ་མི་ཚོར་སྤགས་གཡོ་བ་དང་། ཇ་བསྲུབས་མ་དཀྲུག་པ། རྩིད་ཐག་བཟོ་བ་སོགས་སློབ་ཏུ་བཅུག་ནས་བོད་ལྗོངས་ཀྱི་སྲོལ་རྒྱུན་དམངས་སྲོལ་ཉམས་སུ་མྱོང་བ་བྱ་རྒྱུ་རེད། གཞན་ཡང་། བྱེད་སྒོ་མ་སྤེལ་གོང་དུ་གཉེར་འགན་འཁུར་བའི་ཕྱོགས་ཀྱིས་ད་དུང་རུ་མི་ཚོར་གོས་སྐུ་མཇལ་བ་དང་། ལྷ་མོའི་འཁྲབ་སྟོན་ལ་ཉན་པ། ཞོ་སྟོན་འགོ་ཚུགས་མཛད་སྒོའི་གཟིགས་མོ་ལྟ་བ་སོགས་བཀོད་སྒྲིགས་བྱས་ནས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རྐང་ཐང་རུ་མི་ཚོར་2017ལོའི་ལྷ་སའི་ཞོ་སྟོན་རིག་གནས་ཀྱི་ཡིད་དབང་འགུགས་ཤུགས་དངོས་སུ་མྱོང་རོལ་བྱེད་དུ་འཇུག་ཡོད་པ་རེད། རྐང་ཐང་ཚོགས་ཆེན་མཇུག་བསྒྲིལ་རྗེས་སུ། རུ་མི་ཚོ་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་། བར་སྐོར་སོགས་སུ་ལྟ་སྐོར་འགྲོ་བ་བཀོད་སྒྲིག་བྱས་ནས་རུ་མི་ཚོར་ལྷ་སའི་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་གྱི་ཐོན་ཁུངས་ཉམས་སུ་གཏིང་ཟབ་པོ་མྱོང་བར་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ཡིས་གོམ་གང་མདུན་སྤོས་ཀྱིས་ལྗོངས་ཕྱི་ནང་གི་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོས་ཕན་ཚུན་འབྲེལ་ལམ་འཛུགས་པ་དང་སྤེལ་རེས་བྱེད་པའི་སྟེགས་བུ་འཛུགས་སྐྱོང་བྱས་ནས་ལྷ་སའི་མཐུན་སྒྲིལ་དང་ཁོང་ཡངས་ཀྱི་གྲོང་ཁྱེར་སྙིང་སྟོབས་གསལ་སྟོན་བྱས་ཐོག་ལྷ་སའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་སྐུལ་འདེད་སྔར་ལས་ལྷག་པར་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།