འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་མཚོའི་རླུང་འཚུབ"ཕུག་རོན"ཀྲུང་ཧྭའི་ལྷོ་རྒྱུད་དང་ཀང་ཨའོ་ས་ཁུལ་དུ་རྒྱུ་ལ་ཨའོ་མོན་ནས་
    མི་8གྲོངས་པ་དང་མི་153རྨས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་24ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱ་མཚོའི་རླུང་འཚུབ'ཕུག་རོན'ཀྲུང་ཧྭའི་ལྷོ་རྒྱུད་དང་ཀང་ཨའོ་ས་ཁུལ་དུ་རྒྱུ་ལ་ཨའོ་མོན་ནས་
མི་8གྲོངས་པ་དང་མི་153རྨས་ཡོད་པ།
           མི་དམངས་དྲ་བའི་འཕྲན། ཕྱོགས་བསྡུས་བརྡ་འཕྲིན་ཏེ། ད་ལོར་ཀྲུང་གོར་བྱུང་བའི་རླུང་ཤུགས་ཆེས་ཆེ་བའི་རྒྱ་མཚོའི་རླུང་འཚུབ"ཕུག་རོན"ནི་ཟླ་8ཚེས་23ཉིན་གྱི་ཉིན་གུང་དུས། ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་ལྷོ་རྒྱུད་ཀྱི་མཚོ་འགྲམ་ཁུལ་དུ་བྱུང་ནས་ཀྲུང་ཧྭའི་ལྷོ་རྒྱུད་དང་། ཞང་ཀང་། ཨའོ་མོན་ས་ཁུལ་དག་ཏུ་རྒྱུ་བ་རེད། "ཕུག་རོན"ཨའོ་མོན་དུ་རྒྱུ་དུས། རླུང་ཤུགས་ཆེས་ཆེ་བ་ནི་རིམ་པ་17ལ་ཐོན་པ་དང་། ཚེས་24ཉིན་གྱི་ཆུ་ཚོད་4:30བར་དུ། ཨའོ་མོན་གྱི་མི་8གྲོངས་པ་དང་མི་153ལ་རྨས་ཕོག་ཡོད་པ་རེད། ཤེས་རྟོགས་བྱུང་གསལ་དུ། "ཕུག་རོན"ད་དུང་དེ་རིང་གི་ས་སྲོད་དུས་ཀྱི་སྔོན་ལ། ཡུན་ནན་ཞིང་ཆེན་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་བར་མཚམས་ས་ཁུལ་དུ་རྒྱུ་ནས་ཅུང་ཞན་པའི་ཚ་རྒྱུད་དམའ་གནོན་དུ་འགྱུར་རྒྱུ་རེད།
          ད་ལོ་ཤར་ཚུན། ཀྲུང་གོར་རྒྱུ་བའི་རླུང་ཤུགས་ཆེས་ཆེ་བའི་རྒྱ་མཚོའི་རླུང་འཚུབ"ཕུག་རོན"ནི་ཚེས་23ཉིན་གྱི་ཆུ་ཚོད་12:50ཡི་སྔ་གཞུག་ཏུ་ཀྲུང་གོའི་ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཧའེ་ལྷོ་རྒྱུད་ནས་བྱུང་བ་དང་། སྐབས་དེ་དུས་ལྟེ་བ་ཉེ་འཁོར་གྱི་རླུང་ཤུགས་ཆེས་ཆེ་བ་ནི་རིམ་པ་14རེད། ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་སྤེལ་བར་གཞིགས་ན། "ཕུག་རོན"གྱི་ཤུགས་རྐྱེན་ཐེབས་སྟབས། ཚེས་22ཉིན་གྱི་ཆུ་ཚོད་12:00ནས་ཚེས་23ཉིན་གྱི་ཆུ་ཚོད་12:00བར། ཀོང་ཏུང་ཞིང་ཆེན་གྱི་དབུས་རྒྱུད་དང་དབུས་ཤར་རྒྱུད་ཀྱི་མཚོ་འགྲམ་ས་ཁུལ་དང་། ཕུའུ་ཅན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད། ཞང་ཀང་གི་ས་ཁུལ་ཁ་ཤས་བཅས་སུ་ཁྱོན་བསྡོམས་ཆར་བ་འབབ་ཚད་ཧའོ་སྨི་50ལས་བརྒལ་ལ། ས་ཁུལ་བྱེ་བྲག་ཏུ་ཧའོ་སྨི་100ནས་165བར་ཟིན་ཡོད་པ་རེད། ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཅང་གཙང་པོའི་ཉེ་འགྲམ་དང་། དབུས་རྒྱུད་མཚོ་འགྲམ་ས་ཁུལ། གཞན་གླིང་ཕྲན་ཁག་གི་རླུང་ཤུགས་ཆེས་ཆེ་བ་ནི་རིམ་པ་8ནས་10བར་ཡིན་ལ། དེའི་ནང་ཧྲེན་ཀྲེན་དང་ཅང་མེན་གཉིས་སུ་རླུང་ཤུགས་རིམ་པ་11ནས་13བར་ཡིན་པ། ཀྲུའུ་ཧའེ་དང་། ཨའོ་མོན། ཞང་ཀང་། ཀྲུའུ་ཅང་གཙང་པོ་ཁ་ཡི་མཚོ་ངོས་གླིང་ཕྲན་སོགས་ས་ཁུལ་དུ་རིམ་པ་16ནས་17བར་ཡིན་ལ། ས་ཁུལ་བྱེ་བྲག་ཏུ་རིམ་པ་17ལས་བརྒལ་ཡོད་པ་རེད།
            "ཕུག་རོན"ཚེས་23ཉིན་མདུན་ཕྱོགས་ནས་ཨའོ་མོན་དུ་རྒྱུ་ལ། རླུང་ཤུགས་ཆེས་ཆེ་དུས་རིམ་པ་17ཙམ་རེད། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་པ་ནས་བཟུང་རྒྱ་མཚོའི་རླུང་འཚུབ་ཆེན་པོ་ཡོང་བའི་ཉེན་བརྡ་བཅུ་པ་ཐེངས་དང་པོ་བཏང་བ་རེད། དེ་ཡིས་ཤུགས་རྐྱེན་ཐེབས་པ་ལས། སྐམ་ས་དང་མཚོ་ཐོག བར་སྣང་བཅས་གསུམ་གྱི་འགྲིམ་འགྲུལ་ཚང་མ་ཆད་པ་དང་། མཚོ་ཆུ་ཕྱིར་རྒྱུག་པ་རེད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་དུད་སྣེ་རུ་སྤེལ་བའི་གནས་འཕྲིན་ལྟར་ན། ཨའོ་མིན་གྱི་དམངས་ཟོན་བྱ་སྤྱོད་ལྟེ་གནས་ཀྱིས་བསྡོམས་རྩིས་བྱས་ན། ཚེས་24ཉིན་གྱི་ཆུ་ཚོད་4:30བར་དུ། "ཕུག་རོན"གྱིས་འཇལ་རྒོལ་ཐེབས་པ་ལས་མི་8གྲོངས་པ་དང་མི་153ལ་རྨས་ཕོག་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།རྒྱ་མཚོའི་རླུང་འཚུབ'ཕུག་རོན'ཀྲུང་ཧྭའི་ལྷོ་རྒྱུད་དང་ཀང་ཨའོ་ས་ཁུལ་དུ་རྒྱུ་ལ་ཨའོ་མོན་ནས་
མི་8གྲོངས་པ་དང་མི་153རྨས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།