འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་རྒྱལ་ཁབ་ཏུ་གྲུ་གཟིངས་ཆུ་ལ་ཐིམ་པའི་དོན་རྐྱེན་བྱུང་སྟེ་མི་22གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་25ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པར་ཙིར་རྒྱལ་ཁབ་ཏུ་གྲུ་གཟིངས་ཆུ་ལ་ཐིམ་པའི་དོན་རྐྱེན་བྱུང་སྟེ་མི་22གྲོངས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་24ཉིན། པར་ཙིར་རྒྱལ་ཁབ་ཀྱི་སྨྱན་སྦྱོར་དུ་སྤེལ་བའི་གནས་འཕྲིན་ལྟར་ན། འགྲུལ་སྐྱེལ་གྲུ་གཟིངས་ཤིག་ཉིན་དེའི་ཞོགས་པར་པར་ཙིར་རྒྱལ་ཁབ་བྱང་ཤར་རྒྱུད་ཀྱི་པཱ་དབྱི་ཡ་མངའ་སྡེ་ཡི་ལྟེ་བ་སཱར་ཝ་ཏའོ་གྲོང་ཁྱེར་ཉེ་འཁོར་གྱི་མཚོ་ཁོངས་སུ་ཆུ་ལ་ཐིམ་པས། ད་ལྟ་བར་དུ་ཉུང་མཐར་ཡང་མི་22རྐྱེན་ལམ་དུ་ཤོར་ཡོད་པ་རེད།
           གནས་འཕྲིན་དུ་མཚོ་ཐོག་སྐྱེལ་འདྲེན་དོ་དམ་སྡེ་ཁག་གི་བརྡ་འཕྲིན་དྲངས་ཏེ་ས་གནས་དེ་གའི་ཆུ་ཚོད་6:30ཡས་མས་སུ། འགྲུལ་སྐྱེལ་གྲུ་གཟིངས་འདི་ཝེ་ལཱ་ཁི་ལུའུ་སི་གྲུ་ཁ་དང་བར་ཐག་སྨི་200ཙམ་ཡོད་པའི་མཚོ་ཁོངས་སུ་ཆུ་ལ་ཐིམ་པ་རེད། འགྲུལ་སྐྱེལ་གྲུ་གཟིངས་སུ་མི་160བསྡད་རུང་ལ། དོན་དངོས་སུ་མི་129བསྡད་ཡོད་པ་རེད། ད་ལྟ། མི་22གྲོངས་ཡོད་པ་དང་། མི་21སྲོག་སྐྱོབ་ཐུབ་པ་རེད།
          མྱུར་སྐྱོབ་ལས་དོན་ད་དུང་སྒྲུབ་བཞིན་ཡོད་ལ། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་གྱི་འབྱུང་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
          འདི་ནི་ཉིན་གཉིས་ཀྱི་རིང་ལ། པར་ཙིར་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གྲུ་གཟིངས་ཆུ་ལ་ཐིམ་པའི་དོན་རྐྱེན་ཐེངས་གཉིས་པར་བྱུང་བ་རེད།
           ཚེས་22ཉིན་གྱི་དགོང་མོར། འགྲུལ་སྐྱེལ་གྲུ་གཟིངས་ཤིག་པར་ཙིར་རྒྱལ་ཁབ་ནུབ་བྱང་རྒྱུད་ཀྱི་ཕཱ་ལཱ་མངའ་སྡེ་ཡི་ཤིན་གུ་གཙང་པོའི་ཆུ་ཁོངས་སུ་ཐིམ་པ་དང་། ཉུང་མཐར་ཡང་མི་19གྲོངས་པ་རེད།
    ༄༅།།པར་ཙིར་རྒྱལ་ཁབ་ཏུ་གྲུ་གཟིངས་ཆུ་ལ་ཐིམ་པའི་དོན་རྐྱེན་བྱུང་སྟེ་མི་22གྲོངས་པ།
      

    ཕྱོགས་བསྡུས་གསར་འགྱུར།