འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྙན་རོང་རྫོང་གིས"དམ་འཛིན་བཞིར"བརྟེན་ནས་ལས་ཞུགས་གཞན་སྒྱུར་ལས་
    དོན་ལ་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་དང་། ངལ་ནུས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། དེ་བཞིན་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད། བོད་ལྗོངས་སྙན་རོང་རྫོང་གིས་འཆར་གཞི་ཞིབ་ཚགས་བཀོད་ནས། སྦྱོང་བརྡར་སྒྲིག་གཞི་དང་། ས་ཁུལ་གྱི་མ་འཇོག་ཀུང་སི། རྫོང་ངལ་ནུས་ཀུང་སི་སོགས་དང་འབྲེལ་བ་བྱས་ནས། ཕྱོགས་ཁག་བཞི་ནས་ལས་ཞུགས་གཞན་སྒྱུར་ལ་དམ་འཛིན་བྱས་ཏེ། རྫོང་དེའི་ངལ་ནུས་ཕྱིར་གཏོང་གི་ལས་དོན་སྐས་རིམ་གསར་པར་སླེབས་པར་བྱས་པ་རེད།
          གསོ་སྦྱོང་ལ་དམ་འཛིན་བྱས་ནས་ངལ་ནུས་ལྷག་མ་ཕྱིར་གཏོང་ཤུགས་ཇེ་ཆེར་བཏང་བ། བོད་ལྗོངས་སྙན་རོང་རྫོང་གིས་གསོ་སྦྱོང་སྣ་ཚོགས་ལ་དམ་འཛིན་ཧུར་ཐག་བྱས་ཤིང་། ས་ཁུལ་གྱིས་རྩལ་ནུས་གསོ་སྦྱོང་ཐེངས་གསུམ་བྱེད་སྐབས། ཕྱུག་འགྱུར་སྣེ་ཁྲིད་པའི་ལས་གཏོད་གསོ་སྦྱོང་ཐེངས་3བྱས་པར་མི་21ཞུགས་པ་དང་། ཁ་ལོ་བའི་ལག་རྩལ་གསོ་སྦྱོང་ཐེངས་1བྱས་པར་མི་30ཞུགས་པ། དབུལ་པོ་ཨར་ལས་བྱེད་ཞོར་དུ་གསོ་སྦྱོང་དུས་ཐེངས་1བྱས་པར་ཁྱོན་མི་198ཞུགས་ཡོད། རྫོང་རིམ་པའི་བསམ་བློའི་སློབ་གསོ་ཁྲིད་སྟོན་དང་ལས་ཀས་གསོ་སྦྱོང་གི་ཚབ་བྱས་པའི་གསོ་སྦྱོང་དུས་ཐེངས་3བྱས་པར་ཁྱོན་མི་161ཞུགས་ཡོད་ཅིང་། ཚད་གཞི་ལོན་ཚད་100%ཟིན་ཡོད་པས། རྫོང་ངལ་ནུས་ཀུང་སིས་གསོ་སྦྱོང་ལ་ཚད་ལོན་པའི་མི་རྣམས་ལ་དུས་རྒྱུན་གྱི་དོ་དམ་དང་ངལ་ནུས་ཕྱིར་གཏོང་བྱེད་པའི་འགན་འཁུར་རྒྱུ་རེད།
         དྲིལ་བསྒྲགས་ལ་དམ་འཛིན་བྱས་ནས་ཐབས་ལམ་མང་པོས་ལས་ཞུགས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ། “བོད་ལྗོངས་སྙན་རོང་གི་ལས་ཞུགས”ཞེས་པའི་སྐད་འཕྲིན་སྤྱི་རྟགས་ཐོ་བཀོད་བྱས་ནས་རྫོང་ཡོངས་སུ་ཁྱབ་གདལ་བཏང་ཐོག སྐད་འཕྲིན་སྤྱི་རྟགས་སོགས་དེང་རབས་ཆ་འཕྲིན་སྟེགས་བུ་བཀོལ་ནས་ལས་ཞུགས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། རྫོང་དེའི་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་སྐུལ་འདེད་བཏང་ནས་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་བཏང་བ་རེད།
         ལས་ཞུགས་ལ་དམ་འཛིན་བྱས་ནས“དཔྱིད་རླུང་བྱ་སྤྱོད”སྤེལ་བ། རྫོང་མི་སྤྱི་ཅུས་ཀྱིས་འགོ་ཁྲིད་དེ་དབུལ་སྐྱོར་གཞུང་ལས་ཁང་སོགས་དང་མཉམ་དུ“དཔྱིད་རླུང་བྱ་སྤྱོད་ཀྱིས་དམངས་འཚོར་ཕན་འདོགས་པ་དང་། ལས་ཞུགས་རྒྱབ་སྐྱོར་གྱིས་འཕེལ་རྒྱས་ལ་སྐུལ་མ་གཏོང”ཞེས་པའི་ལས་མི་བསྡུ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། “མི་གཅིག་ཕྱིར་གཏོང་བ་དང་། མི་གཅིག་ལས་ཀར་ཞུགས་པ། མི་གཅིག་དབུལ་པོ་ལས་སྒྲོལ་བའི”ལས་ཀའི་བསམ་ཕྱོགས་གཞིར་བཟུང་ལས་མི་བསྡུས་ཤིང་། མིག་སྔའི་བར་ལས་ཀ་རག་པའི་མི་གྲངས་130ལྷག་ཙམ་ཟིན་ཡོད།
         གནད་སྨིན་ལ་དམ་འཛིན་གྱིས་སྣོད་བཅུད་སྲུང་སྐྱོང་གི་ལས་གནས་སུ་ལས་ཀ་སྤྲད་པའི་མི་རྣམས་ལ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བ། “ཕྱིར་མིག་ལྟ་བའི”ལས་ཀ་ཧུར་ཐག་བྱས་ནས། 2016ལོའི་ས་ཁུལ་ཁོངས་གཏོགས་ཀྱི་སྣོད་བཅུད་ལས་གནས་སུ་ལས་ཀ་རག་པའི་ཁྲོད་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་དང་། སྐབས་འཕྲལ་ལས་གནས། ཡུན་རིང་ཕྱིར་ལས་ཀ་བྱེད་མཁན། དེ་བཞིན་ཕྱུག་པོའི་དུད་ཚང་བཅས་ལ་མཐིལ་རྟོགས་བརྟག་དཔྱད་བྱས་པ་དང་། སྣོད་བཅུད་སྲུང་སྐྱོང་གི་མི་སྣའི་ལོ་གྲངས་དངོས་དང་ཐོབ་ཐང་ལག་ཁྱེར་གྱི་ལོ་གྲངས་དང་། གོང་ཞུ་བྱས་པའི་རུས་མིང་དང་ཐོབ་ཐང་ལག་ཁྱེར་གྱི་རུས་མིང་མི་མཐུན་པ་སོགས་ཀྱི་གནས་ཚུལ་ལ་བདེན་མིན་ཞིབ་བཤེར་དང་ལས་སྒྲུབ་གོ་རིམ་ཚད་ལྡན་དུ་བཏང་ནས། སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཕན་ནུས་ལེགས་པར་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།