འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ལོ་སིའི་དབར་གྱི་ལྕགས་ལམ་བསྐྲུན་པ་དེས་ལོ་སིའི་རི་ཁུལ་ལ་རྣམ་པ་གསར་པ་མངོན་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཅན་ཧྭ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           2016ལོའི་ཟླ་12པར་ཀྲུང་གོ་དང་ལོ་སིའི་དབར་གྱི་ལྕགས་ལམ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་རྗེས་ཀྱི་ལོ་ཕྱེད་ཙམ་ནང་དེ་གར་འགྱུར་ལྡོག་བྱུང་ཞིང་། ལྕགས་ལམ་བསྐྲུན་པ་དེས་ལོ་སིའི་རི་ཁུལ་ལ་དེང་རབས་ཅན་གྱི་རྣམ་པ་གསར་པ་མངོན་ཡོད།
           ལྕགས་ལམ་ཡོངས་ལ་རིང་ཚད་སྤྱི་ལེ་414ཡོད་པའི་ནང་60%ཡན་གྱི་ལམ་དུམ་ཕལ་ཆེ་བ་ཟམ་པ་དང་ཕུག་ལམ་ཡིན་པ། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཇུས་འགོད་བྱས་པ། འཛུགས་སྐྲུན་དུས་ཡུན་ལོ་5ཡིན་པ། ཁྱོན་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་374ཙམ་བཏང་བ་བཅས་ཀྱི་ཀྲུང་གོ་དང་ལོ་སི་དབར་གྱི་ལྕགས་ལམ་ནི་ཀྲུང་གོ་ཕྱོགས་ཀྱིས་གཙོ་བོར་བྱས་ཏེ་མ་འཇོག་འཛུགས་སྐྲུན་དང་མཉམ་དུ་གཉེར་སྐྱོང་བྱས་པ་ཞིག་ཡིན་པ་མ་ཟད། ཀྲུང་གོ་ལྕགས་ལམ་དྲ་བ་དང་ཐད་ཀར་སྦྲེལ་བའི་ས་ཁོངས་ཕྱིའི་ལྕགས་ལམ་རྣམ་གྲངས་དང་པོ་དེ་ཡིན་ཞིང་། ལྕགས་ལམ་ཧྲིལ་པོར་ཀྲུང་གོའི་ལག་རྩལ་གྱི་ཚད་གཞི་དང་ཀྲུང་གོའི་སྒྲིག་ཆས་སྤྱད་ཡོད།
          ཀྲུང་གོ་དང་ལོ་སི་དབར་གྱི་ལྕགས་ལམ་ནི་ཀྲུང་ལོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པ་ངོ་མས་ཇུས་ཐག་བཅད་པ་དང་སྐུལ་འདེད་བཏང་བའི་འཐབ་ཇུས་མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་ཞིག་དང་ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དོན་འཁྱོལ་བྱེད་པའི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན་ཞིང་། 2016ལོའི་ཟླ་12པར་ལྕགས་ལམ་ཧྲིལ་པོ་སྐྲུན་འགོ་ཚུགས་ཡོད།
          ཀྲུང་གོ་དང་ལོ་སི་དབར་གྱི་ལྕགས་ལམ་དེ་ལོ་སིའི་བྱང་རྒྱུད་ཀྱི་རི་ཁུལ་བརྒྱུད་པ་དང་འཛུགས་སྐྲུན་བྱེད་དགོས་པའི་ཕུག་ལམ་མང་མོད། འོན་ཀྱང་ལོ་སིར་ཐན་དུས་དང་ཆར་དུས་བརྗེ་རེས་ངང་འཆར་གྱི་ཡོད་པས་སྔོན་དཔག་བྱས་པའི་ཆར་དུས་ཀྱི་ཨར་སྐྲུན་བདེ་འཇགས་རྒྱུན་གཏན་ལྟར་ཡོང་བ་བྱ་ཆེད་འཛུགས་སྐྲུན་ནང་ཞུགས་མཁན་ལམ་རྒྱུད་ཀྱི་ཚན་པ་ཁག་གིས་སྔོན་ཚུད་ནས་གྲ་སྒྲིག་ལས་དོན་སྤེལ་ཡོད།
         “ཟླ་5པའི་ཚེས་23ཉིན་བར། ང་ཚོས་རིམ་རྩིས་བྱས་ན་ཕུག་ལམ་རིང་ཚད་སྨི་958སྔོག་པ་དང་སྔོག་མགྱོགས་ཤོས་ཀྱི་ཁུང་ལང་གྲོང་ཚོའི་ཕུག་ལམ་གྱི་རིང་ཚད་སྨི་126ལྷག་ཙམ་ཟིན་ཡོད”ཅེས་ཀྲུང་གོ་ལྕགས་ལམ་ཅུས་ལྔ་པའི་ཀྲུང་གོ་དང་ལོ་སི་དབར་གྱི་ལྕགས་ལམ་དུམ་བུ་དང་པོའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧོང་ཙུང་ཝུན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ངོ་སྤྲོད་བྱས།
         ལོ་སི་སྲིད་གཞུང་གིས་ཀྲུང་གོ་དང་ལོ་སི་དབར་གྱི་ལྕགས་ལམ་ལས་མཇུག་འགྲིལ་རྗེས་ལོ་སིའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྦྱིན་པའི་རེ་བ་བྱེད་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་ཐོག་ཀྲུང་གོ་དང་ལོ་སི་དབར་གྱི་ལྕགས་ལམ་འཛུགས་སྐྲུན་བྱས་པ་ལས་ལམ་རྒྱུད་ཀྱི་ས་ཁུལ་ཁག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
          ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཁོངས་གཏོགས་ཀྱི་ཀྲུང་གོ་ཆུ་གློག་ཅུས་གསུམ་པའི་རྣམ་གྲངས་པུའུ་རུ་ས་གནས་དེ་གའི་ལས་མི་ཀྲུང་གོའི་ལས་མི་ལས་ཀྱང་མང་བ་དང་ལོ་སི་ཕྱོགས་ཀྱི་ལས་མི་ཚོས་སྔོན་ཐོན་གྱི་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་རེ་རེ་བཞིན་ཤེས་རྟོགས་བྱེད་བཞིན་ཡོད། དུམ་བུ་ཁག་ཏུ་ཀྲུང་གོའི་ཀུང་སིས་ས་གནས་དེ་གའི་གྲོང་ཚོར་ལས་གྲྭའི་དགོས་མཁོ་ཕུད་པའི་ཟམ་པ་དང་བགྲོད་ལམ་ཉམས་བཟོ་བྱས་པ་དང་ལས་མི་ཚོས་ཀྱང་ས་གནས་དེ་གའི་གྲོང་མིར་རྒྱུ་དངུལ་ཞལ་འདེབས་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་བཏང་ཡོད།
         “གཞུང་ལམ་1801ཉམས་བཟོ་བྱེད་པ་ནི་ཆར་དུས་ཀྱི་དངོས་ཟོག་དབོར་འདྲེན་གྱི་བགྲོད་ལམ་ཤར་གཏོང་ཐུབ་པའི་འགན་ལེན་དང་ཀྲུང་གོ་དང་ལོ་སིའི་སྲོལ་རྒྱུན་མཛའ་གྲོགས་ལག་བསྟར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། རྣམ་གྲངས་པུས་ཆེད་མངགས་མགྱོགས་ལམ་སྲུང་སྐྱོབ་རུ་ཁག་སྒྲིག་འཛུགས་བྱས་པ་དང་མི་ཤུགས་དང་དངོས་ཤུགས་འབོར་ཆེན་བཏང་སྟེ་གཞུང་ལམ་གྱི་ཞེང་ཚད་ཆེ་རུ་བཏང་བར་བརྟེན། ལམ་དུམ་མང་ཆེ་བ་བྱེ་སའི་ལམ་ནས་ཁོད་སྙོམས་ལ་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་དུ་གྱུར་ཡོད”ལམ་དུམ་གཉིས་པའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་པེ་ཆང་གིས“བགྲོད་ལམ་ཉམས་བཟོར་དོ་ཁུར་བྱེད་པའི་གྲོང་མི་ཚོས་ད་ཆ་བག་མ་བསུ་ལེན་དང་ཁྱིམ་དུ་ལོག་པའི་བགྲོད་ལམ་ཤར་གཏོང་བྱུང་སོང་ཞེས་ཤོད་ཀྱི་འདུག”ཅེས་ངོ་སྤྲོད་བྱས།
          ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཁོངས་གཏོགས་ཀྱི་ཀྲུང་གོ་ཆུ་གློག་ཅུས་བཅོ་ལྔ་པས་སྐྲུན་འགན་འཁུར་བའི་དུམ་བུ་ཝན་ཐེན་ཞིང་ཆེན་ཤིན་ཧོ་རྫོང་ཕེང་སུང་གྲོང་ཚོ་བརྒྱུད་ཡོད་པ་དང་། ཚེས་22ཉིན་གྲོང་དཔོན་གཞོན་པ་ནོན་ཀྲེན་གྱིས“ཀྲུང་གོ་དང་ལོ་སི་དབར་གྱི་ལྕགས་ལམ་གྱི་ཀྲུང་གོ་འཛུགས་སྐྲུན་ཀུང་སི་སླེབས་རྗེས་ལོ་སིའི་མི་སེར་རྣམས་སེམས་འགུལ་ཆེན་པོ་ཐེབས་ལ་སེམས་གཏིང་ནས་དགའ་བསུ་ཡང་ཞུ་གི་ཡོད། ལྕགས་ལམ་བསྐྲུན་རྗེས་ལོ་སིའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་འགྲོ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན་རྒྱུ། ཉོ་ཚོང་སྟབས་བདེ་རུ་དང་ཡུལ་སྐོར་ཁྲོམ་ར་རྒྱ་ཆེ་རུ་འགྲོ་རྒྱུ་བཅས་ཀྱི་རེ་སྒུག་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།