འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་པར་ཙིར་གྱི་དཔལ་འབྱོར་རིམ་བཞིན་སླར་གསོ་ཡོང་རྒྱུའི་
    སྔོན་དཔག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྙན་ཞུ་ཞིག་ཁྱབ་བསྒྲགས་བྱས་པའི་ནང་པར་ཙིར་གྱི་དཔལ་འབྱོར་འདི་ལོ་རིམ་བཞིན་སླར་གསོ་ཐུབ་རྒྱུ་ཡིན་མོད། འོན་ཀྱང་མ་འོངས་པའི་དུས་མཚམས་ཤིག་ནང་དཔལ་འབྱོར་འཕར་ཚད་སྔར་བཞིན་ཞན་པོ་ཡོད་ཚུལ་སྔོན་དཔག་བྱས་པ་རེད།
          སྙན་ཞུའི་ནང་། པར་ཙིར་གྱིས་ཁྱབ་ཁོངས་ཁག་གཅིག་ལ་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་འཕར་ཐུབ་པ་བྱེད་དགོས་པ་དང་དུས་མཚུངས། ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ལས་དཔལ་འབྱོར་གྱི་བརྟན་པོའི་རང་བཞིན་ལ་བཟོ་སྲིད་པའི་ཤུགས་རྐྱེན་ལ་པར་ཙིར་གྱིས་སྔར་བཞིན་དོ་སྣང་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
          སྙན་ཞུའི་ནང་། པར་ཙིར་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་ཟོག་ཕྱིར་གཏོང་བྱེད་མཁན་གྱི་ཁྲོམ་ར་གཙོ་བོའི་གྲས་ཤིག་ཡིན་མོད། འོན་ཀྱང་པར་ཙིར་སྲིད་གཞུང་གིས་ཞིང་ལས་ཐོན་སྐྱེད་ལ་ཁ་གསབ་ཅུང་ཆེ་ཙམ་སྤྲོད་ཀྱི་ཡོད་པ་དེས་ཚད་གཞི་ངེས་ཅན་ཐོག་ནས་ཞིང་ལས་ཐོན་ཟོག་གི་འགྲན་རྩོད་ནུས་པ་ཆུང་དུ་བཏང་ཡོད་ཅེས་འཁོད་ཡོད།
         པར་ཙིར་གྱི་དཔལ་འབྱོར་སྐོར་གྱི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཚོད་སྐོར་སྙན་ཞུ་སྔ་མ་དེ་2013ལོར་ཁྱབ་བསྒྲགས་བྱས་ཤིང་། སྐབས་དེར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་པར་ཙིར་གྱི་ཁྲལ་དོན་ལམ་ལུགས་རྙོག་འཛིང་ཆེ་དྲགས་པ་དང་རྨང་གཞིའི་སྒྲིག་བཀོད་དང་གསར་གཏོད་ཁྱབ་ཁོངས་སུ་མ་རྩ་གཏོང་ཤུགས་ད་དུང་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།