འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱང་ཅཱ་ཡུས་ཀྱིས་སྐྱེས་མའི་སྤྱི་ལེ་20ཡི་འགྲོས་རྩལ་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱང་ཅཱ་ཡུས་ཀྱིས་སྐྱེས་མའི་སྤྱི་ལེ་20ཡི་འགྲོས་རྩལ་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ།
          མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་13ཉིན་གྱི་ཕྱི་དྲོར། 2017ལོའི་ལོན་ཏོན་མཆོང་རྒྱུག་འཕེན་གསུམ་གྱི་འཛམ་གླིང་ལུས་རྩལ་ལེགས་སྐྱེས་འགྲན་བསྡུར་ཆེས་མཐའ་མཇུག་གི་འགྲན་བསྡུར་ཉིན་མོར་སླེབས་པ་རེད། སྐྱེས་མའི་སྤྱི་ལེ་20ཡི་འགྲོས་རྩལ་རྟིང་རྩོད་འགྲན་བསྡུར་དུ། རང་ལོ་21ལ་སོན་པའི་ཀྲུང་གོའི་བདམས་ཐོན་པ་དབྱང་ཅཱ་ཡུས་(杨家玉)ཀྱིས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཆུ་ཚོད་1དང་སྐར་མ་26སྐར་ཆ་18ཀྱི་ཐོག་ནས་སྒེར་གྱི་གྲུབ་འབྲས་ཆེས་བཟང་ཨང་དང་པོ་བླངས་ནས་ཀྲུང་གོའི་རུ་ཁག་ལ་སྐབས་འདིའི་འཛམ་གླིང་ལུས་རྩལ་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་གཉིས་པ་དེ་ཐོབ་པ་རེད།
            ཀྲུང་གོའི་བདམས་ཐོན་པ་དབྱི་ཧང་(尹航)གིས་སྐྱེས་མའི་སྤྱི་ལེ་50ཡི་འགྲོས་རྩལ་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་དུ་ཆུ་ཚོད་4དང་སྐར་མ་8སྐར་མ་58ཀྱི་གྲུབ་འབྲས་ཐོག་ནས་ཨང་གཉིས་པ་བླངས་པ་མ་ཟད། ཨ་ཤེ་ཡའི་ཟིན་ཐོ་གསར་པ་བཏོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།