འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིབ་འཇུག་བྱས་པ་བརྒྱུད་མཚོ་བོད་ས་མཐོའི་འཁྱགས་རོམ་ཉེ་རབས་བཞུར་མགྱོགས་ཤོས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། ཉེ་རབས་ཚུན་དུ་མཚོ་བོད་ས་མཐོའི་འཁྱགས་རོམ་བཞུར་ཚད་དེ་འདས་པའི་ལོ་2500རིང་བཞུར་མགྱོགས་ཤོས་སུ་སླེབས་པ་དང་། དུས་རབས་དཀྱིལ་མའི་དྲོ་དུས་དང་རོ་མའི་དྲོ་དུས་ལས་བརྒལ་ཡོད་པ་ཤེས་རྟོགས་བྱུང་བ་རེད། གྲུབ་འབྲས་དེ་ཉེ་དུས་《ས་གཤིས་རིག་པ་》ཞེས་པའི་དུས་དེབ་ཐོག་བཀོད་ཡོད།
          ཀྲུང་གོ་ཚན་རིག་ཁང་ས་མཐོ་ཞིབ་འཇུག་སུའོ་ཡི་ཀྲང་ཅི་ ཧྥུང་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དེ་མཚོ་བོད་ས་མཐོའི་འཁྱགས་རོམ་བཞུར་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་ཞེས་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། རིགས་གཅིག་མཁས་ཅན་ལ་ལས་དཔྱད་གཏམ་སྤེལ་ཏེ་ཀྲུང་གོ་ཚན་ཞིབ་མི་སྣས་ཤེས་རྟོགས་ཐུབ་པའི་གནས་ཚུལ་དེས་མཚོ་བོད་ས་མཐོའི་འཁྱགས་རོམ་འགྱུར་ལྡོག་གི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་དང་འཁྱགས་རོམ་གྱི་འབྱུང་འགྱུར་གྱི་འགྱུར་ལྡོག་ལ་ཚོད་དཔག་བྱ་རྒྱུར་གཞི་འཛིན་ས་གསར་པ་མཁོ་འདོན་ཐུབ་རྒྱུའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།